སྙན་ངག

美友15053373

སྙན་ངག་གི་རྒྱལ་སྲས། འཇུ་སྐལ་བཟང་།

གཞས་ཚིག གངས་རྒྱུད་ཐུབ་བསྟན་བཀྲ་ཤིས།

༡ མུན་པ་ཞིག་རིག་པའི་སེལ་མཁས།

རྨོངས་བ་ཞིག་རུས་པའི་བཅོམ་མཁས།

གངས་གྲོང་དུ་ཞབས་རྗེས་བཀོད་མཁས།

སྙན་ངག་ལ་བློ་ཡིས་མཛད་མཁས།

སྙན་ངག་གི་རྒྱལ་སྲས། འཇུ་སྐལ་བཟང་ལགས།

དུས་རབས་ཤིག་གསར་ཏུ་བསུས་བྱུང་།

མི་རབས་ཤིག་འོད་ཏུ་སྦར་བྱུང་།

ཕ་སྐད་ཀྱི་ཡབ་ཆེན་ཁྱེད་ཡིན།

ཡུམ་སྐད་ཀྱི་མ་མ་ཁྱེད་ཡིན།

༢ གངས་རི་ཞིག་དད་པའི་བསྟོད་མཁས།

གཙང་བོ་ཞིག་སེམས་པའི་མཆོད་མཁས།

སྦྲ་ནག་ཏུ་ཤིས་ཚིག་འབུལ་མཁས།

སྙན་ངག་ལ་གསོན་ཤུགས་སྦྱིན་མཁས།

སྙན་ངག་གི་རྒྱལ་སྲས། འཇུ་སྐལ་བཟང་ལགས།

རང་ཁྱིམ་ཞིག་བརྩེ་བས་བསུས་བྱུང་།

བུ་རབས་ཤིག་དུངས་བས་བསྐྱངས་བྱུང་།

དུས་གསར་གྱི་སྲོག་ཤིང་ཁྱེད་ཡིན།

སྙན་ངག་གི་ཀ་བ་ཁྱེད་ཡིན།