࿑སྙིང་ཁོ་མ་ཁོག་གི་སྙིང་ཡིན།

རི་གཞུང་མགོ་བྷ།

ཕྱི་ཡི་སྒོའུ་ཁུང་འོག་གི་ཁྱོད།

མཚན་མོའི་ཟླ་བ་བཞིན།

འོད་དཀར་གྱི་བཏུམ་དུས།

ང་ནི་ཁྱེད་ཀྱི་ཕྱོགས་སུ་བསིལ་རླུང་བཞིན་དལ་གྱིས་སྐྱོད་བཞིན།

གཙང་པོ་ཞིག་ཤག་ཤག་ཏུ་འབབ་ཡོང་།

སྐབས་དེ་གར།

ཁྱེད་ནི་སྨྱུག་ལོ་ལྟར་འགུལ་བའི།

མེ་ཏོག་ལྟར་དགོད་ཀྱང་།

ཁོ་བོའི་སེམས་ཀྱི་སྐར་རྒྱན་དང་སེམས་བརྒྱན་ཡིན།

སྙིང་ཁོ་མ།

ཁྱེད་ནི་མཐའ་ཡས་པའི་སྤང་ལྗོངས་ན་

ལ་ལུང་མང་པོ་ཞིག་དང་འགྲོགས་ནས་ཡོད་སྟབས།

ངའི་སེམས་པ་ནི་གྲོང་ཁྱེར་གྱི་མི་ཚོགས་ཁྲོད་དུ་

དུ་བ་སྔོན་པོ་ཞིག་དང་འདྲ་བར།

གར་འཁྱམས་གང་འཁྱམས་མེད།

དེ་དུས། ཁྱེད་ནི།

སྤྲིན་དཀར་གི་འདབ་མ་དང་འདྲ་བར།

ཉི་འོད་ཞིག་དང་གཞི་གཅིག་ཏུ་གྱུར་ནས།

ས་གཞིའི་ཁྱོན་ལ་དྲོད་ཀྱིས་ཁེབས།

ང་ནི་རྫ་མགོ་རི་མགོ་ན་སྐོར་འཁྱམས་བྱེད་པའི་

སྤྱང་ཀི་ཞིག་དང་འདྲ་བར་ངུ་སྐད་སྒྲོག

སྐབས་དག་དག་ལ།

གཙང་པོ་ནི་སྙིང་ཁོ་མ་ཁྱེད་རང་ཡིན་སྣང་ཤར་ལ།

ཆུ་སྐྱེས་སོགས་ནི་ངའི་ལྷོད་ཡངས་གི་སེམས་པའི་ཉིང་ཁུ་རུ་བསྒོམ།

ཁྱེད་རང་དྲན་དྲགས་པའི་སྐབས་སུ།

ངའི་ཡིད་ཀྱི་ཚོར་ཤེས་མཉམ་འགྲོ་ལ།

ངའིི་ལུས་པོའི་ནུས་ཤུགས་ཀྱང་ཡལ་འགྲོ།

སྙིང་ཁོ་མ། དེ་བས་ཁྱེད་གང་ན་ཡོད།

ངའི་ཁྱེད་ཉིད་རྨི་ལམ་དུ་བསུ་ན་འདོད།

2017ལོའི་ཧོར་ཟླ6པའི་ཚེས23ཉིན་བྲིས།