བསྟོད་ཚིག་དད་པའི་ཨ་ལོང་།

美友12281197

༼བསྟོད་ཚིག་དད་པའི་ཨ་ལོང་།༽

༼སློབ་དཔོན་ཐོན་མི །༽

རྒྱ་གར་མཁས་པའི་གཞུང་ལུགས་ཆུ་སྤེལ་ལས །།

ཕ་མཐའ་སྒྲོལ་བྱེད་དྲི་མེད་རིགས་པ་ཡིས །།

རྨད་བྱུང་ལེགས་བཤད་རྣམས་ཀྱི་བཅུད་བླངས་ནས །།

བོད་ཀྱི་བརྡ་སྤྲོད་རིག་པའི་སྲོལ་རེ་འབྱེད །།

༼སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས །༽

སི༵་ཏུ༵་པཎ༵་ཆེ༵ན་བོད་ལ་བཀའ་དྲིན་ཆེ །།

ཆོ༵ས་ཀྱི༵་འབྱུ༵ང་གན༵ས་ལྔ་རིག་གནས་ལ་མཁས །།

མུ་ཏིག་ཕྲེང་མཛེས་བོད་པའི་བརྡ་ལ་མཁོ །།

བཀའ་དྲིན་མཚུངས་མེེད་གངས་ཅན་བརྡ་སྤྲོད་པ །།

༼མཁས་པའི་དབང་པོ་པྲ་ཏི་རིན་ཆེན་དོན་གྲུབ །༽

འཇམ་དཀར་བསྒྲུབས་ནས་ཨ་ཡིག་རང་བྱོན་མཇལ །།

སྔར་ལས་འཕགས་པའི་རྣམ་དཔྱོད་རབ་རྒྱས་ནས །།

ཀུན་བཟང་དགོངས་འགྲེལ་ལ་སོཊ་ལེཊ་བཤད་རྣམས །།

སྟོན་པའི་དུས་ཡིག་ཅན་གྱི་མཁས་དབང་རྨད །།

༼དུང་དཀར་བློ་བཟང་འཕྲིན་ལས །༽

འཆད་པའི་གསུང་སྙན་དུ༵ང་དཀ༵ར་སྒྲ་བཞིན་སྒྲོག །

རྩོད་པའི་བློ༵་གྲོས་རྟོག་གེའི་དཀྱིལ་དུ་བཟ༵ང་།།

རྩོམ་པའི་རྣམ་དཔྱོད་སྟོན་གྱི་ལྷ་ལམ་བཞིན །།

མཛད་པ་འཕྲི༵ན་ལ༵ས་གངས་ཅན་ལྗོངས་སུ་རྨད །།

༼ཚེ་ཏན་ཞབས་དྲུང་།༽

སྒྲ་ཚད་སྙན་དངགས་མངོན་བརྗོད་སྡེབ་སྦྱོར་སོགས །།

ཕྱུག་པའི་མཁས་ཆེན་ཁྱུ་ཡི་དཀྱིལ་ན་ཡང་།།

ཐོན་མིའི་དགོངས་པ་ཇི་བཞིན་འགྲེལ་མཁན་ནི །།

མཁས་མཆོག་ཚེ༵་ཏ༵ན་ཞ༵བས་་དྲུ༵ང་ཁྱེད་ལས་སུ །།

༼དམུ་དགེ་བསམ་གཏན །༽

ཨ་ནུའི་རྣམ་སྤྲུལ་དམུ༵་དགེ༵་ཡུལ་དུ་འཁྲུངས །།

བས༵ན་གཏ༵ན་རྒྱ༵་མཚོ༵་ས་སྟེང་ཡོངས་སུ་གྲགས།།

དགའ་འཇུག་ལ་སོགས་ལེགས་བཤད་རྨད་བྱུང་རྣམས།།

འཇིག་རྟེན་འདྲེན་བྱེད་དེ་དང་གཉིས་སུ་མེད །།

༼མཁྱེན་རབ་འོད་གསལ །༽

བརྡ་སྤྲོད་རིག་པའི་མཁྱེ༵ན་དཔྱོད་ཧ་ཅང་ཟབ །།

ར༵བ་རིབ་སྒྲིབ་པའི་གཞོན་སྐྱེ་བདག་འདྲ་ལ །།

རྟ་བདུན་འོ༵ད་ཀྱིས་སྨག་རུམ་བཅོམ་པ་བཞིན།།

སྣང་གས༵ལ་སྒྲོན་མེ་སྦར་མཁན་ཁྱེད་ལ་འདུད །།

࿐ཡུལ་ཁྱད་པར་ཅན་ལ་བསྟོད་ཕྱག་དང་དད་གུས་སོགས་བྱས་ན ། རང་ཉིད་ཀྱིས་བསོད་ནམས་རླབས་ཆེན་བསགས་པའི་རྒྱུ་རྐྱེན་དེ་ལས་འཕགས་པ་མེད་ཅེས་པའི་ལུང་དེར་ངེས་དོན་གྱི་མདོ་བཞིན་ཁས་ལེན་བྱས་ཏེ ། འབའ་པ་རོང་སྨྱུག་གིས་བློ་རྩེ་གཅིག་ཏུ་བསྒྲིམས་ནས་མཁས་པའི་དབང་པོ་བརྡ་སྤྲོད་སྨྲ་བའི་དབང་ཕྱུག་ཁོང་ཚོར་༼བསྟོད་ཚིག་དད་པའི་ཨ་ལོང་༽ ཞིག་གིས་སྒོ་གསུམ་གུས་པས་སྙིང་ནས་བསྟོད་དོ །།