་་་་་་་་་་་་་་༼ཕམ་ཉེས་ཀྱི་དུས་ནས།༽་་་་་་་་་་་་་་་་་་་་་་་

་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་འཛོར་བུ་ཤེས་ཕྲུག་གྱིས།

སེམས་པ་འཁྱག་གི་བཅིངས་པའི་ཉིན་མོར།

ང་ལ་དད་སེམས་ཀྱི་སྤོབས་པ་མེད།

མགོ་བོ་ཐུར་ཟགས་ཀྱི་དུས་འདིར།

ང་ལ་ཡིད་ཆེས་ཀྱི་རྗེས་དཔག་མེད།

ལུས་ཀྱི་བཟུང་ཁྲག་ལས་འབབས་པའི་མིག་ཆུ།

དྲག་འཆར་ཁྲོད་ཀྱི་མནར་གཅོད།

ས་སྟེང་འདི་རུ།

ས་འོག་ཞིག་ཏུ།

ཆུ་རིས་རེ་རེ་བཞིན།

གྲང་ཅང་ཅང་དུ་འཐིགས་པས།

ང་ལ་བདེ་སྐྱིད་ཀྱི་སྣང་བ་ཞིག་གང་ཡོད།

དམར་ཆིལ་སྙིང་གི་ཁྲག་རྩའི་དབུས།

བློ་དཀར་ཡིད་ཀྱི་གཙིགས་པའི་ངོས།

ང་ལ་ན་ཟུག་དང་རྡོག་དྲིལ་གྱི་ཕམ་ཁ།

གནས་འདི་རུ

མི་རིགས་ཞིག་གི་སྐྱོ་དུབ།

སུ་ཞིག་གི་རེ་འབོད།

སྐད་ཡིག་ཞིག་གི་རྨ་ཁ།

སུ་ཞིག་གི་སླར་གསོ།

རེད་ལགས། ང་ཚོས།

ཕ་ཡུལ་དང་ཕ་སྐད་ཀྱི་རྨ་ཁ།

ཚེ་སྲོག་འབར་བའི་མཁའ་དབྱིངས་ཀྱི་དུ་ཞག།

སྐད་ཡིག་བརླག་པའི་མུན་ནག་གི་སྒོམ་ཆེན།

ང་ལ་འོད་དཀར་གྱི་འཇིག་རྟེན་མེད་ལ།

ཁྱད་ཚོས་གླུ་དབྱངས་དང་ཞབས་བྲོའི་མཚམས་ནས།

ང་ལ་སྐྱོ་གར་གྱི་ངུ་འབོད་ཙམ་ལས།

འགྱུར་བཅོས་ཀྱི་འཚོ་བ་གཞན་ཞིག།

སྤྲོ་སྣང་ལྡན་པ་དེ་ཡོད་མི་སྲིད།།

་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༢༠༡༧་་༣་་༡༤ དགོང་མོ་བྲིས།

འབྲིས་ཚར།།