࿐འགྲོ་བ་ཀུན་གྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་དཔལ་མཉམ་མེད་བུ་རམ་ཤིང་པ་སྟོན་མཆོག་ཐུབ་པའི་དབང་པོའི་དུས་ཆེན་གསུམ་འཛོམས་ཏེ། ས་ག་ཟླ་བའི་ཚེས་བཅོ་ལྔ་ནས་ཉེར་གཅིག་བར་དུ་བྱང་ཕྱོགས་ཐུབ་པའི་རྒྱལ་ཚབ་འཇམ་མགོན་ས་དཀར་བའི་རིང་ལུགས་འཛིན་པ་གདན་ས་ཆེན་པོ་དཔལ་ངོར་དགོན་ནང་བསྟན་བཤད་གྲྭ་ཐུབ་བསྟན་མདོ་སྔགས་རིག་པའི་འབྱུང་གནས་སུ་ཕན་བདེའི་རྩ་ལག་དམ་པ་ངོར་ཕན་བདེ་མཁན་རིན་པོ་དབུར་བཞུགས་ཐོག་མཁན་སློབ་འདུས་ཚོགས་སྤྱི་ནས་སྟོན་པ་ཐུབ་པའི་དབང་པོའི་དུས་ཆེན་གཞུང་ཆེན་བགྲོ་གླེང་གི་ཐོག་ནས་སྲུང་བརྩི་ཞུས་པའི་ཉིན་བདུན་གྱི་ཆོས་ཕྱོགས་ཀྱི་མཛད་རིམ་ཡོངས་སུ་གྲུབ་པའི་བཀྲ་ཤིས་རྫོགས་ལྡན་གྱི་ཉི་མ་གསར་པ་གངས་ལྗོངས་སྐྱེ་འགྲོ་ཡོངས་ཀྱི་སྤྱི་བོའི་རྒྱན་དུ་འཆར་བ་ལ་རྟེན་འབྲེལ་ཞུའོ།

༄༅། །རྣམ་དག་བཤད་པ་གཙང་མའི་གསར་སྡེ་སྐྲུན། །

ཏིང་འཛིན་སྒོམ་པ་ཟབ་མོའི་གུར་ཁང་བཙུགས། །

བཤད་སྒྲུབ་ཟུང་གཉིས་སྤྱོད་པའི་ཕ་མཁར་ན། །

བསྟན་འཛིན་དམ་པའི་ཡང་རྩེ་བདག་གི་མགོན། །

༄༅། །རབ་བརྗིད་ཆུ་འཛིན་སྟུག་པོའི་ཕ་མཁར་ན། །

གནམ་ལྕགས་རྡོ་རྡོའི་སྒྲ་འབྱིན་ཐལ་ངག་འཕྲོད། །

མཚམས་སྤྲིན་དམར་སེར་བསྡུས་པའི་ཁྱུ་ཚོགས་ཞིག །

ལེགས་བྲིས་གར་འགྲོའི་སྟངས་སྟབས་དལ་གྱི་འགྱུ། །