སྟོན་པ་བཀའ་དྲིན་ཅན་ལ་འདུད།

☀️佐钦根桑仁真 ✍

དེ་རིང་ནི་དུས་ཆེན་གསུམ་འཛོམས་ཡིན་པས།

དེ་རིང་ནི་བདག་ཅག་གི་སྟོན་པ་ཡུམ་གྱི་ལྷུམས་སུ་ཞུགས་པ་དང་། སངས་རྒྱས་པ། མྱ་ངན་ལས་འདའ་བ་བཅས་ཀྱི་དུས་ཆེན་གསུམ་ཡིན་པས་དེ་རིང་ནས་ནང་དོན་འདི་མདོ་དབུས་ཁམས་གསུམ་ལ་ཁྱབ་བསྒྲགས་བྱོས།

༄། །སྟོན་པ་ལྷུམས་སུ་ཞུགས་པའི་དུས་ཆེན།

ས་ག་ཟླ་བའི་ཡར་ཚེས་བཅོ་ལྔའི་མཚན། །

སྒྱུ་འཕྲུལ་ལྷ་མོ་གསོ་སྦྱོང་ལ་གནས་དུས། །

གླང་ཆེན་ཐལ་དཀར་མཆེ་བ་དྲུག་ལྡན་གྱི། །

རྣམ་པར་ལྷུམས་སུ་ཞུགས་ལ་གསོལ་བ་འདེབས། །

སྔོན་རྒྱ་གར་བྱང་ཕྱོགས་སེར་སྐྱའི་ཡུལ་གྱི་རྒྱལ་པོ་ཟས་གཙང་དང་། རྒྱལ་པོ་ཆེན་པོ་འདིའི་བཙུན་མོ་ཀོ་ལི་ཡའི་རིགས་ཀྱི་སྲས་མོ་སྒྱུ་འཕྲུལ་ཆེན་མོ་གཉིས་ལ་དུས་རིང་མོ་ཞིག་ནས་སྲས་ཤིག་འཁྲུངས་རྒྱུར་རེ་སྒུག་བྱས། དེ་ལྟའི་ལོ་ཟླའི་དུས་རིམ་བཞིན་བཞུད་རྗེས་ས་ཟླའི་ཚེས་ཆེན་བཅོ་ལྔ་ཞིག་གི་མཚན་མོར། བཙུན་མོ་སྒྱུ་འཕྲུལ་ཆེན་མོ་ལ་མཚན་ལམ་ཡ་མཚན་བ་ཞིག་བྱུང་། དེ་ཡང་མཚན་ལམ་ནང་ལྷ་དང་ལྷ་མོ་བཞི་ཡིས་བཙུན་མོ་ཁོང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མཚོ་མ་དྲོས་ཞེས་པ་དེར་ཁྲིད་ནས། དེ་དག་གིས་ཁོང་ལ་སྐུ་ཁྲུད་གསོལ་བར་བྱས་ཏེ། རབ་འཇམ་ལྷ་རྫས་ཀྱི་ན་བཟའ་གཡོག དེ་རྗེས་དུང་ལྟར་དཀར་བའི་གླང་ཆེན་ཞིག་གིས་མཆེ་བའི་དཀྱིལ་པད་དཀར་གྱི་མེ་ཏོག་འགའ་ཁྱེར་ནས། ཁོང་ལ་ལན་གསུམ་གྱི་བར་བསྐོར་བ་བྱས་ཏེ་མཐར་གླང་ཆེན་དེ་མི་སྣང་བར་གྱུར། དེ་ནི། གླང་ཆེན་ཐ་དཀར་ཆེབ་དྲུག་ལྡན་པ།།རྣམ་པར་ལྷུམས་སུ་བཞུགས་ལ་གསོལ་བ་འདེབས།། ཞེས་པ་དེ་ཡིན། དེ་ནས་ཁོང་མནལ་སད་པས་དེ་ཚོ་ཚང་མ་རྨི་ལམ་ཡིན་པ་གཞི་ནས་ཤེས། ཕྱི་ཉིན་ཞོགས་པ་སྔ་པོར་བཙུན་མོ་སྒྱུ་འཕྲུལ་ཆེན་མོ་རྒྱལ་པོའི་མདུན་དུ་བཅར་ནས་ཁོང་གི་མཚན་ལམ་གྱི་སྐོར་ཇི་བཞིན་ཞུས་པ་ན། རྒྱལ་པོ་ཆེན་པོས་བཙུན་མོའི་མཚན་ལམ་དོན་མ་མཁྱེན་པར་བརྟེན། ཁོང་གིས་མཁྱེན་རྒྱ་ཆེ་བའི་དྲང་སྲོང་འགའ་ཕོ་ཕྲང་དུ་གདན་དྲངས། མཚན་ལྟས་ལ་བརྟག་པ་བྱེད་དུ་བཅུག་ནས་དེའི་སྐོར་བཀའ་འདྲི་ཞུས་པར། མཁྱེན་རྒྱ་ཆེ་བའི་དྲང་སྲོང་དག་གིས་མགྲིན་གཅིག་ཏུ་ཞུས་པ། ལྷ་དང་ལྷ་མོའི་ཚོགས་ཀྱིས་བཙུན་མོ་སྒྱུ་འཕྲུལ་མ་ཆེན་མོ་སངས་རྒྱས་ཀྱི་ཡུམ་ཆེན་དུ་བདམས་པ་ལགས་ན་ཁྱེད་ནི་ཇི་འདྲའི་སྐུ་བསོད་དང་ལྡན་པ་ཞིག དེས་ན་སྲས་དེ་རིང་པོར་མི་ཐོགས་པར་བླ་ན་མེད་པ་ཞིག་ཏུ་འགྱུར་བར་ངེས་སོ་ཞེས་ཞུས་པ་ན། བཀྲ་ཤིས་པའི་གཏམ་བཟང་དེས་རྒྱལ་པོ་ཡབ་ཡུམ་གཉིས་ཐུགས་སྤྲོ་བ་རབ་ཏུ་གཏད་དོ། བཀྲ་ཤིས་པའི་གཏམ་དེས་རྒྱལ་བློན་འཁོར་བཅས་ཕོ་བྲང་ནང་གདན་འཛོམས་ནས་མགྲོན་འབོད་ཀྱི་གསོལ་སྟོན་ཟབ་རྒྱས་ལ་རོལ་ལོ།། དེ་ནས་བཀྲ་ཤིས་ཤིང་དོན་འགྲུབ་པའི་གཏམ་བཟང་གི་གནས་ཚུལ་དེ་ཡོངས་ཁྱབ་ཏུ་གསལ་བསྒྲགས་གནང་། ཐ་ན་ཡུལ་མི་དབུལ་ཞིང་ཕོངས་པ་དག་ལའང་ཟས་གོས་ཀྱི་སྦྱིན་གཏོང་གནང་རྒྱུ་སོགས་མདོར་ན་བཀྲ་ཤིས་པའི་དགེ་མཚན་འབུམ་གྱིས་ཕྱུག་པར་བྱས་སོ།།

སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་ཚུལ།

སུམ་བཅུ་རྩ་ལྔའི་དགུང་ལོར་ཉེར་བབས་དུས། །

ས་ག་ཟླ་བའི་བཅོ་ལྔའི་ཐུན་དྲུག་གི། །

ཐ་མར་བླ་མེད་བྱང་ཆུབ་འདུད་རྩིའི་བཅུད།།

ཐུགས་ཀྱི་དཔལ་བེར་གཏམས་ལ་གསོལ་བ་འདེབས། །

དགེ་སྦྱོང་གོ་བོ་ཏམ་མ་ཆུ་བོ་ནེཉྫནའི་འགྲམ་གྱི་དཀའ་ཐུབ་ལས་བཞེངས་ཏེ་བུ་མོ་ལེགས་སྐྱེས་མས་ཕུལ་བའི་འོ་ཐུག་གསོལ། དེ་ནས་ཁོང་རྡོ་རྗེ་གདན་དུ་བྱོན་ནས། དེ་ཀར་བྱང་ཆུབ་ཤིང་གི་བསེལ་གྲིབ་འོག་བཞུགས་ནས་ཞལ་ཤར་ཕྱོགས་སུ་གཟིགས་ཏེ་ན་རེ་རང་ལུས་ཀྱི་ཟུངས་ཁྲག་སྐམ་ཞིང་ལུས་ཀྱི་པགས་པ་དང་། རྩ་རྒྱུས། རུས་ཀོག་རྣམས་འཐོར་བརླག་ཏུ་སོང་ཡང་། ངས་བླ་ན་མེད་པའི་ཡེ་ཤེསགཏན་གྱི་བདེ་བ་འབྱུང་བའི་གནད་གཅིག་པུ་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་གདན་འདི་ལས་བཞེང་བར་མི་བྱའོ། །ཞེས་འགྱུར་བ་མེད་པའི་དམ་བཅས་ཏེ། ས་ག་ཟླ་བའི་ཡར་ཚེས་བཅོ་ལྔའི་སྔ་ཉིན་ཏེ་ཚེས་བཅུ་བཞིའི་དགོང་མོར་དབུགས་འབྱུང་རྔུབ་ཀྱི་སྒོ་ནས་རྩེ་གཅིག་པའི་ཏིང་འཛིན་ལ་སྙོམས་པར་ཞུགས་སོ།། འོན་ཀྱང་ཁོང་གིས་དབུགས་འབྱུང་རྔུབ་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་པའི་རིང་ཐུགས་རྒྱུད་ལ་བསམ་བློ་མ་རུངས་པ་སྟེ་ཉོན་མོངས་པའི་བསམ་པ་དག་གཅིག་རྗེས་གཉིས་མཐུད་ཀྱིས་སྐྱེ་འགོ་ཚུགས་པ་དེར་ན། འཇིག་རྟེན་འདིའི་དཔལ་ཡོན་ལ་ཆགས་པའི་འདོད་ཆགས་དང། ལོག་འཚོས་མ་གོས་པའི་ཚུལ་ལྡན་གྱི་སྐྱེ་བོ་ལ་མི་དགའ་བ། ཤུགས་ཆེ་བའི་ལྟོག་སྐོམ་གྱི་ཚོར་བས་གཙེས་པ། མཁོ་རྒུའི་ལོངས་སྤྱོད་མཐའ་དག་རང་ཉིད་ལ་དབང་བར་འདོད་ཅིང་དེ་ལ་སྲེད་པའི་འདོད་སྲེད། སྒྱིད་ལུག་པ་དང་། ལེ་ལོ། བདུད་དང་གནོད་པས་འཇིགས་པ་དང་། ཐེ་ཚོམ། རྨོངས་པ། མཁྲེགས་བཟུང་། ཡོད་ཚད་རང་ཉིད་གཅིག་པུར་དབང་བར་འདོད་པའི་འདུན་པ་དང་། རང་གི་སྙན་གྲགས་ཀྱི་ཕྱིར་བསྟོད་ན་དགའ་ཞིང་གུས་ཞབས་ལ་གཉེར་བ། གཞན་ལ་དམའ་འབེབ་ཅིང་རང་ཉིད་ཀུན་ནས་མཐོ་བར་འདོད་པ་སོགས་ཉོན་མོངས་པ་རྣམས་ཀྱིས་ཁོང་གི་རྩེ་གཅིག་པའི་ཏིང་འཛིན་ལ་བར་དུ་གཅོད་པར་བརྩམས་ན་འང་། དགེ་སྦྱོང་གོ་བོ་ཏམ་མ་ཁོང་གིས་ཐུགས་སེམས་རྣལ་དུ་ཕབ་སྟེ་རྩེ་གཅིག་པའི་ཏིང་འཛིན་ལ་སྔར་ལས་བློ་རྩེ་ཇེ་བརྟན་ངང་ཞུམ་པ་མེད་པའི་སྙིང་སྟོབས་ཀྱི་སྒོ་ནས་མུ་མཐུད་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།།

དེ་ལྟར་མཉམ་པར་བཞག་འབྲས་སུ་མཚན་མོ་ཆ་གསུམ་དུ་ཕྱེ་བའི་ནམ་གྱི་ཆ་སྟོད་ཙམ་ལ་། གོང་དུ་བགྲངས་པའི་ཉོན་མོངས་པའི་བསམ་པ་མ་རུང་པ་དག་གཏན་དུ་བཅོམ་སྟེ། རང་ཉིད་ཀྱི་སྔོན་གནས་རྗེས་སུ་དྲན་པའི་ཤེས་རབ་རླབས་པོ་ཆེ་ཐུགས་རྒྱུད་ལ་འཁྲུངས། དེ་ནས་ནམ་གྱི་ཆ་དཀྱིལ་ཙམ་ལ་སྐྱེ་བ་དང་འཆི་བ་ངེས་པའི་ཤེས་རབ་འཁྲུངས་ཤིང་། ནམ་གྱི་ཆ་སྨད་དེ་ཐོ་རངས་ཀྱི་སྐབས་སུ་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་རྒྱུ་ཀུན་འབྱུང་བདེན་པ་ངོས་ཟིན་ཅིང་དེའི་གཉེན་པོ་ལམ་གྱི་བདེན་པ་ཡང་རྒྱུད་ལ་འཁྲུངས་སོ།། དུས་དེ་ནས་བཟུང་དགེ་སྦྱོང་གོ་ཏམ་མ་ནི་འཛམ་གླིང་འདིའི་ཐོག་གི་རྣམ་དཔྱོད་རྨད་དུ་བྱུང་ཞིང་གོང་ན་མེད་པའི་གང་ཟག་གཅིག་པུ་རུ་གྱུར་ཏེ། ཁོང་གིས་ལོ་མང་རིང་རང་ཉིད་ཀྱི་ཐུགས་ལ་ཉར་བའི་དྲི་བ་ཡོངས་ལ་རྙེད་ཅིང་། འཛམ་གླིང་འདིའི་སྐྱེ་བོ་ཡོད་དོ་ཅོག་གི་དྲི་བ་ཀུན་ལ་ལན་ཐོབ་པར་གྱུར། དེ་ལྟར་ཁོང་གིས་ན་བ་དང་། རྒ་བ། འཆི་བ། མྱ་ངན་དང་། མི་བདེན་པ་དང་། སྡུག་བསྔལ་སོགས་ཀྱི་མཐའ་ཇི་ལྟར་གཅོད་དགོས་པ་ཡང་མཁྱེན་ཅིང་། གཏན་གྱི་བདེ་བ་དང་། ཞི་བ་བྱང་གྲོལ་སོགས་ཀྱང་ཁོང་དུ་ཆུད། གང་ལྟར་དགེ་སྦྱོང་གོ་ཏམ་མ་ཁོང་ནི་སྤྱིར་བཏང་གི་འགྲོ་བ་མིས་ཤེས་ཐུབ་པའི་ཤེས་ཚད་ལས་ཕ་རོལ་དུ་སོན་ཏེ་ད་གཟོད་ཁོང་ཐམས་ཅད་མཁྱེན་པར་གྱུར་ཏོ།།

སྟོན་པ་མྱ་ངན་ལས་འདའ་བའི་མཛད་ཚུལ་བསྟན་པའི་དུས་ཆེན།

བརྒྱད་བཅུའི་ལོ་ལ་སླེབས་པའི་དཔྱིད་ཐ་ཡི། །

བཅོ་ལྔའི་ཚེས་ཀྱི་ནང་པར་དེ་བཞིན་གཤེགས། །

འཇིག་རྟེན་ཁམས་སུ་མི་སྣང་ལྟར་གྱུར་ནས། །

མྱ་ངན་འདའ་བར་མཛད་ལ་ཕྱག་འཚལ་ལོ། །

སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་ཚུལ།། དེ་རྗེ་ཉན་ཐོས་ཀུན་དགའ་བོ་ལ་གསུངས་པ། ཀུན་དགའ་བོ། ཕྱིས་སུ་དགེ་འདུན་པའི་ཁྲོད་ནས་རེ་ཟུང་གིས། ང་ཚོའི་སྟོན་མྱ་ངན་ལས་འདས་ཟིན་པས། ད་ནི་ང་ཚོ་ལ་སྟོན་པའམ་སཉལོབ་དཔོན་ཡོད་པ་མ་ཡིན་ནོ་ཟེར་སྲིད་པས། དེ་ནི་མ་ལགས་ཤིང་དེ་ལྟ་བུའི་བདམ་བློ་གཏོང་མི་རུང་བ་ཡིན། ང་མྱ་ངན་ལས་འདས་པའི་འོག་ཏུ་སྔོན་ངས་ཁྱེད་ཅག་ལ་བསྟན་པའི་འདུལ་བའི་ལྟ་གྲུབ་ཀྱི་གཞུང་ལུགས་ཐམས་ཅད་ཁྱེད་ཅག་གི་སྟོན་པར་གྱུར་པ་ཡིན། ཞེས་གསུངས་སོ།།

དེ་བཞིན་ཁོང་གིས་དགེ་འདུན་པ་གཞན་རྣམས་ལ་འདི་ལྟར། གལ་སྲིད་ཁྱེད་ཅག་དགེ་འདུན་པའི་ཁྲོད་དུ་སྐྱབས་གནས་དཀོན་མཆོག་གསུམ་གྱི་སྐོར་ལ་ཐེ་ཚོམ་མམ་དོགས་གནས་ཀྱི་དྲི་བ་ཡོད་ན། ད་ལྟ་ཉིད་དུ་དྲིས་ཤིག་མ་གཏོགས་ང་མྱ་ངན་ལས་འདས་ཟིན་པའི་འོག་ཏུ། སངས་རྒྱས་ཞལ་བཞུགས་སྐབས་དོགས་གནས་འདིའི་སྐོར་ལ་བཀའ་འདྲི་ཞུ་མ་ཐུབ་ཅེས་འགྱོད་པའི་རྒྱུར་འགྱུར་བར་ངེས། ཞེས་གསུངས་ན་ཡང་། དེའི་སྐོར་ལ་དགེ་འདུན་པ་སུ་ཞིག་གིས་ཀྱང་བཀའ་འདྲི་མ་ཞུས་པར་འཇམ་ཐིང་ངེར་ཁུ་སིམ་མེར་བཞུགས་སོ། །དེ་ལྟར་སྟོན་པས་ལན་གཉིས་དང་གསུམ་ལ་སོགས་པ་བཀའ་གནང་ན་ཡང་དྲི་བ་གང་ཡང་མ་བྱུང་བར་འཇམ་ཐིང་ངེར་བཞུགས་སོ།།

སླར་ཡང་སྶངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་འདུན་པའི་ཚོགས་ལ་ཁོང་གི་སྐུ་ཚེའི་ཆེས་མཐའ་འཇུག་གི་གདམས་པ་གནང་བ་ནི་འདི་ལྟར། ཉན་ཐོས་དག་འདི་ནི་ངའི་ཆེས་མཐའ་འཇུག་གི་སློབ་སྟོན་ཡིན་པས་ཁྱེད་རྣམས་ཀྱིས་ལེགས་པར་ཉོན་ཅིག །འདུས་ཙྱད་ཐམས་ཅད་འགྱུར་བའི་རང་བཥིན་ཅན་དུ་ངེས་པས་གཏན་དུ་སྡོད་པ་མ་ལགས་སོ། །དེས་ན་ཁྱེད་ཅག་གིས་ཐར་པའི་གོ་ཕང་སྒྲུབ་སཉལད་བརྩོན་པ་ཆེན་པོ་སྟེན་ཅིག ། ཅེས་གསུངས་སོ།།

དེ་ནས་སགས་རྒྱས་བཅོམ་ལྡན་འདས་བདམ་གཏན་དང་པོ་ལ་སྙོམས་པར་ཞུགས། བསམ་གཏན་དང་པོ་ནས་ལུགས་བྱུང་དུ་མཉམ་པར་བཞག་ནས་འགོག་པ་ལས་སླར་ལྡང་སྟེ་ཡང་ལུག་ལྡོག་ཏུ་བསམ་གཏན་དང་པོའི་བར་སྙོམས་པར་ཞུགས། དེ་ནས་ཡང་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རབ་མཐའི་བསམ་གཏན་བཞི་པ་ལ་བརྟེན་ནས་འཇིག་རྟེན་འདི་དང་གཞན་གང་དུའང་སླར་སྐྱེ་བ་ལེན་པའི་རྒྱུ་ཚོགས་རྩད་ནས་སྤངས་ཏེ་ས་ག་ཟླ་བའི་ཡར་ཚེས་བཅོ་ལྔའི་ཉིན་སྐུ་མྱ་ངན་ལས་འདས་སོ།། །།

དེས་ན་ས་ཟླའི་ཡར་ཚེས་བཅོ་ལྔ་འདི་ལ་དུས་ཆེན་གསུམ་འཛོམས་ཡིན་ཏེ། རྒྱ་ཆེན་རོལ་པ་ལས་ལྷུམས་ཞུགས་ཀྱི་དུས་ཆེན་ཡིན་པར་གསུངས། མངོན་བྱུང་གི་མདོ་ལས། མངོན་པར་བྱང་ཆུབ་པའི་དུས་ཆེན་ཡོད་པར་གསུངས། མྱང་འདས་ཆེན་པོ་ལས། མྱ་ངན་ལས་འདས་པའི་དུས་ཆེན་ཡོད་པར་གསུངས་པའི་ཕྱིར་རོ། །དེ་ཡང་།

ས་གའི་ཡར་ཚེས་བཅོ་ལྔ་ལ།།

ལྷུམས་ཞུགས་བྱང་ཆུབ་མྱང་འདས་ཏེ།།

རྣམ་གསུམ་འཛོམས་པའི་དུས་ཡིན་ནོ།།

ཅེས་ཚིགས་སུ་བཅད་པའོ།།

དུས་ཆེན་གསུམ་འཛོམས་ནི་འདི་ལྟར།

གཅིག །

༄། །སྟོན་པ་ལྷུམས་སུ་ཞུགས་པའི་དུས་ཆེན།

ས་ག་ཟླ་བའི་ཡར་ཚེས་བཅོ་ལྔའི་མཚན། །

སྒྱུ་འཕྲུལ་ལྷ་མོ་གསོ་སྦྱོང་ལ་གནས་དུས། །

གླང་ཆེན་ཐལ་དཀར་མཆེ་བ་དྲུག་ལྡན་གྱི། །

རྣམ་པར་ལྷུམས་སུ་ཞུགས་ལ་གསོལ་བ་འདེབས། །

གཉིས།

སྟོན་པ་མངོན་པར་རྫོཊ་པར་སངས་རྒྱས་པའི་མཛད་ཚུལ།

སུམ་བཅུ་རྩ་ལྔའི་དགུང་ལོར་ཉེར་བབས་དུས། །

ས་ག་ཟླ་བའི་བཅོ་ལྔའི་ཐུན་དྲུག་གི། །

ཐ་མར་བླ་མེད་བྱང་ཆུབ་འདུད་རྩིའི་བཅུད། །

ཐུགས་ཀྱི་དཔལ་བེར་གཏམས་ལ་གསོལ་བ་འདེབས། །

གསུམ།

སྟོན་པ་མྱ་ངན་ལས་འདའ་བའི་མཛད་ཚུལ་བསྟན་པའི་དུས་ཆེན།

བརྒྱད་བཅུའི་ལོ་ལ་སླེབས་པའི་དཔྱིད་ཐ་ཡི། །

བཅོ་ལྔའི་ཚེས་ཀྱི་ནང་པར་དེ་བཞིན་གཤེགས། །

འཇིག་རྟེན་ཁམས་སུ་མི་སྣང་ལྟར་གྱུར་ནས། །

མྱ་ངན་འདའ་བར་མཛད་ལ་ཕྱག་འཚལ་ལོ། །