སྙིང་ཉེ

ཁྱོད་རང་བསིལ་རླུང་གི་འཁྲུལ་བག་ལ་བརྫིས་ཏེ

ཟོལ་བཅོས་ཀྱིས་ངའི་གདོང་བྱིལ་བྱིལ་མི་གནང་རོགས

རྒྱུ་མཚན

ང་ནི་དྭངས་གཙང་གི་སེམས་པ་གཉོར་མཁན་ཞིག་ཡིན་པས

ཡིད་རྟོན་དབེན་ཞིང་ཉེན་ཁ་མོད་པོའི་འཇིག་རྟེན་ནི

ངས་འཆར་ཡན་དུ་སྒོམ་མྱོང་བའི་དམྱལ་ཁམས་ངོ་མ་དེ་ཡིན

སྙིང་ཉེ་བའི་མི

ང་ལ་རྒྱུས་ལོན་ཡོད་པར་གྱིས

ངའི་ནང་སེམས་ན

ཁྱོད་ལ་དབང་བའི་འཇིག་རྟེན་དཀར་པོ་ཞིག་ཡོད་པ་ཤེས་པར་གྱིས

ཁྱོད་ཀྱིས་ཀྱང་ང་ལ་ཁ་དོག་གིས་བྱུག་པའི་ནང་སེམས་ཀྱི་འཇིག་རྟེན་ཞིག་གནང་རོགས་ཞུ

སྙིང་ཉེ་བའི་མི

ངའི་ནང་སེམས་ཀྱི་ཉིན་སྲིབ་གང་རུང་ན་འཚོ་བའི་མི