See you again

ཁྱེད་དང་སླར་ཡང་མཇལ་དུས།

གྱི་ལིང་འཇིགས་མེད་ཀྱི་ཚོད་ལྟའི་ཚུལ་དུ་བསྒྱུར།

It's been a long day without you my friend

སྔ་འགྲོགས་ཁྱེད་ཀྱི་འདུག་རོགས་མེད་པའི་དུས་ཚོད་ནི་དངོས་གནས་རིང་།

And I'll tell you all about it when I see you again

ཁྱོད་དང་སླར་ཡང་འཕྲད་པའི་དུས་སུ་བདག་གིས་སེམས་ཀྱི་སྒོ་མོ་ཕྱེས་ནས་ཡོད་ཚད་བཤད་ངེས།

We've come a long way from where we began

ཕྱིར་མིག་རེ་བལྟས་ན། ང་ཚོ་དཔུང་བ་སྦྲེལ་ནས་སོང་མྱོང་བའི་འགྲུལ་བཞུད་རིང་མོ་ཞིག་བྱས་མྱོང་།

Oh I'll tell you all about it when I see you again

ཁྱོད་དང་སླར་ཡང་འཕྲད་པའི་དུས་སུ་བདག་གིས་སེམས་ཀྱི་སྒོ་མོ་ཕྱེས་ནས་ཡོད་ཚད་བཤད་ངེས།

When I see you again

ཁྱོད་དང་སླར་ཡང་མཇལ་དུས།

Damn who knew all the planes we flew

ང་ཚོས་འགྲུལ་བཞུད་ཇི་ལྟ་བུ་ཞིག་བྱས་མྱོང་བ་སུ་ཡིས་ཤེས།

Good things we've been through

ང་ཚོས་ཇི་ལྟ་བུའི་མཛེས་སྡུག་ཅིག་བདེན་དཔང་བྱས་མྱོང་བ་སུ་ཡིས་ཤེས།

That I'll be standing right here

ངས་ནམ་ཡང་འདི་ནས།

Talking to you about another path

འདེམས་གསེས་གཞན་ཞིག་བྱ་སྲིད་ཚུལ་ཁྱོད་ལ་ལབ་གླེང་བྱེད་ངེས།

I know we loved to hit the road and laugh

ང་ཚོ་ཚང་མ་མྱུར་ཚད་དང་ངར་ཤུགས་ལ་དགའ་བ་བདག་གིས་ཤེས།

But something told me that it wouldn't last

འོན་ཀྱང་སྒྲ་ཞིག་གིས་ང་ལ་མཛེས་སྡུག་ཡོད་ཚད་རྟག་བརྟན་མིན་ཞེས་བཤད་བྱུང་།

Had to switch up look at things different see the bigger picture

ཇི་ལྟར་བྱས་ན་ད་གཟོད་རྒྱ་ཆེ་བའི་མཐོང་རྒྱ་སྤྱད་དེ་འཇིག་རྟེན་འདི་བལྟ་ཆོག་པའི་ལྟ་བ་ཞིག་ཏུ་བསྒྱུར་ཐུབ་བམ།

Those were the days hard work forever pays

བློས་བཏང་བའི་ཉིན་མོ་ལ་ནམ་ཞིག་འབྲས་བཟང་གི་དུས་ཚིགས་འབྱུང་ངེས།

Now I see you in a better place

ད་ལྟ་ཁྱོད་རང་སྔར་ལས་ལྷག་པའི་མཛེས་སྡུག་གི་མ་འོང་བར་བསྐྱོད་པ་བདག་གིས་མཐོང་།

Now I see you in a better place

ད་ལྟ་ཁྱོད་རང་སྔར་ལས་ལྷག་པའི་མཛེས་སྡུག་གི་མ་འོང་བར་བསྐྱོད་པ་བདག་གིས་མཐོང་།

How could we not talk about family when family's all that we got?

ཁྱིམ་མི་ནི་ཚོ་ང་ཚོའི་ཁ་འབྲལ་ཐབས་མེད་པ་གཅིག་བུར་གྱུར་ཚེ། ང་ཚོས་ཀྱང་རྩ་ཆེ་བའི་བརྩེ་འདང་དེ་བརྗེད་ག་ལ་རུང་།

Everything I went through you were standing there by my side

ཀྱག་ཀྱོག་གི་དཀའ་སྡུག་ཇི་འདྲ་ཞིག་བརྒྱུད་ནའང་། ཁྱོད་ཀྱིས་ང་དང་མཉམ་དུ་ཕར་ལ་བསྐྱལ་མྱོང་།

And now you gonna be with me for the last ride

འོན་ཀྱང་དེ་རིང་ཁྱོད་ཀྱིས་ང་དང་མཉམ་དུ་ཆེས་མཐའ་མཇུག་གི་འགྲུལ་བཞུད་འདི་ལེགས་པར་གྲུབ།

It's been a long day without you my friend

སྔ་འགྲོགས་ཁྱེད་ཀྱི་འདུག་རོགས་མེད་པའི་དུས་ཚོད་ནི་དངོས་གནས་རིང་།

And I'll tell you all about it when I see you again

ཁྱོད་དང་སླར་ཡང་མཇལ་བའི་དུས་སུ་བདག་གིས་སེམས་ཀྱི་སྒོ་མོ་ཕྱེས་ནས་ཡོད་ཚད་བཤད་ངེས།

We've come a long way from where we began

ཕྱིར་མིག་རེ་བལྟས་ན། ང་ཚོ་དཔུང་བ་སྦྲེལ་ནས་སོང་མྱོང་བའི་འགྲུལ་བཞུད་རིང་མོ་ཞིག་བྱས་མྱོང་།

Oh I'll tell you all about it when I see you again

ཁྱོད་དང་སླར་ཡང་མཇལ་བའི་དུས་སུ་བདག་གིས་སེམས་ཀྱི་སྒོ་མོ་ཕྱེས་ནས་ཡོད་ཚད་བཤད་ངེས།

When I see you again

ཁྱོད་དང་སླར་འཛོམས་དུས་སུ།

First you both go out your way

འགོ་བརྩམས་པ་ནས་ཁྱོད་ནི་འབད་པ་དང་བཅས་རང་གི་ལམ་དུ་སོང་།

And the vibe is feeling strong and what's small turn to a friendship a friendship

དེ་ནས་འུ་གཉིས་ཀྱི་བརྩེ་འདང་དངོས་གནས་ཇེ་ཟབ་ཏུ་གྱུར་ཏེ། ཐ་ན་དངོས་པོ་ཆུང་ཆུང་ཞིག་གིས་ཀྱང་ང་ཚོའི་གྲོགས་འདང་གཏིང་ཇེ་ཟབ་ཏུ་གཏོང་།

Turn into a bond and that bond will never Be broke and the love will never get lost

གཏིང་ཟབ་པའི་གྲོགས་འདང་གིས་ཤ་འདྲེས་པགས་འདྲེས་ཀྱི་བརྩེ་བ་བསྐྲུན། བརྩེ་བ་འདི་མི་འགྱུར། དགའ་བ་འདི་མི་ཡལ།

And when brotherhood come first then the line

མཛའ་གཅུགས་འགྱུར་མེད་ཀྱི་ང་ཚོ། དུས་ནམ་ཡང་ཕན་ཚུན་ཁྲེལ་མེད་མི་བྱེད།

Will never be crossed established it on our own

བརྩེ་བ་ཟབ་ཅིང་དུང་བ་ཆེ་བའི་རྨང་འདི་ཡོད་པས། ང་ཚོ་དངོས་གནས་དགའ་ཞིང་དུང་།

When that line had to be drawn and that line is what

གྲོགས་འདང་འདི་ཡིས་ང་ཚོ་གཅིག་སེམས་གཅིག་ལ་གཏད་ཅིང་། དགེ་མཚང་མཉམ་དུ་འཁུར།

We reach so remember me when I'm gone

གལ་ཏེ་ང་རང་བུད་སོང་ནའང་། ཁྱོད་ཀྱིས་ང་རང་ཡིད་ལ་དམ་པོར་ཟུངས།

How could we not talk about family when family's all that we got?

ཁྱིམ་མི་ཚོ་ན་ང་ཚོའི་འབྲལ་ཐབས་མེད་པ་གཅིག་བུར་གྱུར་ཚེ། ང་ཚོས་ཀྱང་རྩ་ཆེ་བའི་བརྩེ་འདང་དེ་བརྗེད་ག་ལ་རུང་།

Everything I went through you were standing there by my side

ཀྱག་ཀྱོག་གི་དཀའ་སྡུག་ཇི་འདྲ་ཞིག་བརྒྱུད་ནའང་། ཁྱོད་ཀྱིས་ང་དང་མཉམ་དུ་ཕར་ལ་བསྐྱལ་མྱོང་།

And now you gonna be with me for the last ride

འོན་ཀྱང་དེ་རིང་ཁྱོད་ཀྱིས་ང་དང་མཉམ་དུ་ཆེས་མཐའ་མཇུག་གི་འགྲུལ་བཞུད་འདི་ལེགས་པར་གྲུབ།

Let the light guide your way

འོད་དེ་ལ་ཁྱོད་ཀྱི་མདུན་ལམ་སྟོན་དུ་ཆུག

Hold every memory as you go

ཁྱོད་རང་འགྲོ་བའི་དུས་སུ་ཁྱེད་ཀྱིས་མཛེས་སྡུག་གི་སྐད་ཅིག་མ་ཡོད་འཆོར་དུ་མ་འཇུག་རོགས།

And every road you take will always lead you home

དེ་ལྟར་བྱས་ན། ཁྱོད་ཀྱིས་འདེམས་གསེས་གང་ཞིག་བྱས་ནའང་དེས་ཁྱོད་རང་ཁྱིམ་དུ་འཁྲིད་ཡོང་ངེས།

Hoo~

ཨོ---།

It's been a long day without you my friend

སྔ་འགྲོགས་ཁྱེད་ཀྱི་འདུག་རོགས་མེད་པའི་དུས་ཚོད་ནི་དངོས་གནས་རིང་།

And I'll tell you all about it when I see you again

ཁྱོད་དང་སླར་ཡང་འཕྲད་པའི་དུས་སུ་བདག་གིས་སེམས་ཀྱི་སྒོ་མོ་ཕྱེས་ནས་ཡོད་ཚད་བཤད་ངེས།

We've come a long way from where we began

ཕྱིར་མིག་རེ་བལྟས་ན། ང་ཚོ་དཔུང་བ་སྦྲེལ་ནས་སོང་མྱོང་བའི་འགྲུལ་བཞུད་རིང་མོ་ཞིག་བྱས་མྱོང་།

Oh I'll tell you all about it when I see you again

ཁྱོད་དང་སླར་ཡང་འཕྲད་པའི་དུས་སུ་བདག་གིས་སེམས་ཀྱི་སྒོ་མོ་ཕྱེས་ནས་ཡོད་ཚད་བཤད་ངེས།

When I see you again

ཁྱོད་དང་སླར་ཡང་མཇལ་དུས།

Again

སླར་ཡང་།

When I see you again see you again

ཁྱོད་དང་སླར་ཡང་མཇལ་བའི་དུས་སུ། སླར་ཡང་མཇལ་བའི་དུས་སུ།

When I see you again

ཁྱོད་དང་སླར་ཡང་མཇལ་བའི་དུས་སུ།

མཆན། གླུ་ཚིག་འདིའི་རྒྱབ་ལྗོངས་ཀྱི་གཏམ་རྒྱུད་ཤེས་ན་འདི་མཐོང་མ་ཐག་མིག་ཆུ་འཆོར་བར་ཐེ་ཚོམ་མེད། དགེ་གྲོགས་དོན་གྲུབ་རྒྱལ་གྱིས་ཐོག་མར་གླུ་འདི་མཚམས་སྦྱོར་བྱས་པ་བཞིན་ཡང་ཡང་ཉན་པས་གླུ་དབྱངས་ལ་ཉན་མི་འདོད་པའི་གོམས་གཤིས་དེ་གློ་བུར་དུ་འགྱུར་སོང་། དེ་བས་ཡང་དང་བསྐྱར་དུ་ཚིག་མཛོད་དག་ལ་བརྟེན་ནས་འདི་ཉིད་ཐད་བསྒྱུར་བྱས་པ་ཡིན། བསྒྱུར་ཚར་རྗེས་གྲོགས་པོ་འགའ་ལ་བསྟན་པར་ནང་དོན་ཚང་མ་ཐོན་འདུག་ཟེར། འགྱུར་ཧ་ཅང་མི་ལེངས་ཤིང་ཉམས་ཅུང་ཟད་ཙམ་ཡང་མི་འདུག་མོད། དབྱིན་འགྱུར་ཐོག་མའི་གྲས་ཡིན་པས་ཀུན་གྱིས་དགོངས་ཡངས་གནང་རོགས།