སྔོ་སངས་ཀུན་གསལ་མཐོངས་དེ་ཡངས་ཤིང་ཆེ་ལ་དཀར་དཀར་ཤར་ཕྱོགས་དུང་རི་མཐོ་ཞིང་བརྗིད།།

བརྗིད་ཆགས་རིན་སྤུངས་དགོན་ཁྱེད་རྔམས་ཤིང་བརྗིད་ལ་མཛེས་མཛེས་བསིལ་ལྡན་ལྗོངས་ཀྱི་མཛེས་པའི་རྒྱན།།

མཐའ་བཞིར་བསྐོར་བའི་ནགས་ཚལ་ལྗང་ཞིང་སྟུག་ལ་མང་མང་་མེ་ཏོག་བཞད་པའི་ཡུལ་དེར་བརྒྱན།།

ཨེ་མ་མཛེས་སྡུག་བཀྲ་ཤིས་སྨོན་གྲོལ་གླིང་འདི་སྐྱིད་སྐྱིད་མཐོ་རིས་ཡུལ་ལས་མཛེས་ཤིང་སྐྱིད།།

ཤར་རིན་སྤུངས་དགོན་ཆེན་ནམ་བཀྲ་ཤིས་སྨོན་གྲོལ་གླིང་ནི། སི་ཁྲོན་རྔ་བ་ཁུལ་ཟིང་ཆུ་རྫོང་ནས་སྤྱི་ལེ་20ཡས་མས་སུ་གནས།

林坡寺位于四川松潘县城北约20公里处。

(ཕ་ཡུལ་རིན་སྤུངས་སྡེ་བ།) མཛེས་སྡུག་ཕ་ཡུལ་དགའ་དྲགས་པས། ངས་འདྲ་པར་དང་ཡི་གེ་ཙམ་གྱི་ལམ་ནས། ཕ་ཡུལ་གྱི་གཏམ་རྒྱུད་ཆེ་མ་ཆུང་གསུམ་ཡོད་ཚད་ཟིན་ཐོར་བཀོད།

(我的家乡林坡村)出于对家乡的热爱,我喜欢用简单的文字和照片记录家乡的点点滴滴、家乡大大小小的故事。

ངས་བླངས་པའི་པར་འདི་དག་ནི་ཧ་ཅང་ཐུན་མོང་མ་ཡིན་པ་ཞིག་མ་ཡིན་ཏེ། ངས་ཕ་ཡུལ་ལ་བཅངས་བའི་རྣམ་དག་གི་བརྩེ་བ་དང་འགྱུར་མེད་ཀྱི་སེམས་པ་དེ་པར་ལེན་འཕྲུལ་ཆས་ལ་བཅོལ་བ་དེའོ།།

拍摄的这些照片其实也没有什么特别的,只是我将对家乡的迷恋和执着融入镜头。

ཕ་ཡུལ་གྱི་ལྷིང་ཞིང་འཇགས་པའི་ཁོར་ཡུག་དང་གྲགས་མེད་འགུལ་མེད་དུ་གནས་པའི་རི་བོ། ད་དུང་རི་ཚོགས་གྱི་གསེང་དུ་བསྐུངས་པའི་ངའི་བྱིས་དུས་ཀྱི་ལོ་ཟླ་སོགས་ཀྱིས་ང་སྐད་ཅིག་ཉིད་ལ་ཕྱིར་དྲན་དུ་དྲངས་བྱུང་།དེ་ནི་གནའ་གཏམ་ཁྲོད་ཀྱི་ལྷ་ཡུལ་ལས་ཀྱང་མཛེས་ཤིང་ལྟ་ན་སྡུག་ལ་ཡིད་དུ་འོང་བ་ཞིག་རེད་ཨང་།

家乡的一山一水 一草一木 每一个角落都激起我童年的回忆!

ང་རང་ཕ་ཡུལ་དང་བྲལ་ནས་གྲོང་ཁྱེར་གཞན་དུ་ཡོད་ཀྱང་སེམས་ཁུངས་ན་ཡོད་པའི་ཕ་ཡུལ་ནི། ངའི་ཡིད་སེམས་འཁྲེང་སའི་གནས་དེ་ཡིན་པས། རྡོ་ལ་རི་མོ་བརྐོས་འདྲ་ནམ་ཡང་བརྗེད་མི་སྲིད།

虽然我离开故乡在异地

但家乡依然是我最魂牵梦绕的地方

རི་མགོ་མཐོན་པའི་དར་ལྕོག

བོད་མིས་ལ་རྩེ་དང་ཁང་བའི་ཡང་ཐོག་གྲོང་ཁྱིམ་དང་། སྒོ་མཆོར་གྱི་མདུན་དུ་དར་ལྕོག་དང་དར་ཆེན་འཛུགས་སྲོལ་ཡོད་པ་དེ་ནི་བོད་མིའི་གནས་ཡུལ་ཁོ་ན་ལས་གཞན་དུ་མཐོང་རྒྱུ་མེད་པའི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་ཤིག་ཡིན་པས། དར་ལྕོག་ཡོད་ན་དེ་གར་བོད་མི་ཡོད་པ་གཏན་འཁེལ་ཡིན།

别具一格的五彩经幡!

ཐང་དང་རི་ལུང་ཁྱབ་པའི་རྟ་ནོར་ལུག་གསུམ་ཐར་ཐོར་གང་སར་བཀྲམ་པ་ཡུལ་དེའི་རྒྱན།།

天苍苍、野茫茫、风吹草地见牛羊!

རྒན་རྒོན་རྣམས་ཀྱི་གདོང་ལ་འཛུམ་གྱིས་ཁེངས་ནས། དགའ་སྤྲོའི་གླུ་གཞས་ལེན་ཞོར་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད་ལ།

在劳动中欢快,在劳动中畅想,今天的幸福生活,让大家情不自禁的欢歌起舞。

ན་གཞོན་ཚོས་ཕ་ཡུལ་ཕྱུག་འགྱུར་ཅན་གྱི་ལམ་དུ་སྐྱོད་པ་དང་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པའི་ཕུགས་བསམ་དང་དུ་བླངས་ནས། རང་ཉིད་ཀྱི་ལང་ཚོ་ལ་འོད་སྟོང་འབར་བའི་གཟི་དཔལ་བསྩལ་ཡོད། སང་ཉིན་སྔར་བཞིན་མདུན་དུ་སྐྱོད།

怀揣着改变家乡的面貌,带着乡亲们致富奔小康的梦想,让青春在奋斗中闪光,明天继续前进!

ཕ་ཡུལ་གྱི་རི་ཆུ་འདི་དག་མཐོང་ཐེངས་རེར། རང་ཉིད་ཀྱི་སེམས་སུ་བཤད་དཀའ་བའི་དགའ་ཚོར་ཆེན་པོ་ཞིག་འདུག

ཁྱད་ཆོས་ལྡན་པའི་བོད་ཟས། ( ཟོག་ཤ)

别具一格的藏餐!(牦牛肉)

ཤ་མོག

སྟར་ཁའི་མེ་ཏོག