我的美篇

白珠

༄༅།།སྙན་ཞུ་མདོར་བསྡུས།

འབུམ་ཡག་དགོན་སྡེ་གཉིས་དང་།ལྷ་ལུང་དགོན་སྡེ་གཉིས་ཀྱི་མཆེད་གྲོགས་ངོ་ཤེས་དང་།སྒོམ་པ་བ། བཤད་གྲྭ་བ།རང་དང་འབྲེལ་ཡོད་ཀྱི་རྒྱལ་ཕྱི་ནང་ཀུན་ལ་གནས་པའི་དད་ལྡན་མང་ཚོགས་དང་། སློབ་གྲྭ་བ་མང་པོ་ཞིག་གིས་ང་ལ་སེམས་ཁུར་དང་རིམ་གྲོ། ཚེ་ཐར་དང་སྲོག་བསླུ། ཚེ་ཆོག་དང་སྨན་ཆོག་རྡོ་ལ་བརྐོས་པ། ཇོ་དར་བསྒྲེངས་པ། མཚམས་ལ་ཞུགས་པ། སྔོན་འགྲོར་བཞུགས་པ་སོགས་དཀར་བོ་དགེ་བའི་ལས་ཤིན་ཏུ་མང་པོ་བྱས་པ་སོགས་ལ་ཕྲན་གྱིས་སེམས་སྟེང་ནས་བཀའ་དྲིན་ཆེ་ཞུ།
ད་ནི་བླ་མ་དཀོན་མཆོག་གིས་ཐུགས་རྗེ་དང་རིམ་གྲོ་གང་མང་བསྒྲུབས་པའི་ནུས་མཐུ་ཡིས་གཤག་བཅོས་ལེགས་འགྲུབ་བྱུང་བ་མ་ཟད་ངའི་ནད་ཇེ་དགའ་ཡིན་པས་ཁྱེད་རྣམ་པས་ཐུགས་ཁུར་རྩ་བ་ནས་མི་དགོས། རིམ་འགྲོ་ཞུས་པ་ཚང་མ་ཡང་འགྲུབ་ཚར། ད་ནི་སྐུ་ཚགས་འོ་བརྒྱལ་ཡང་མི་དགོས་སྐུ་ཚེ་ཞབས་པད་བརྟན། ད་ནི་ཁྱེད་རྣམ་པས་ཕན་ཚུན་མཐུན་སྒྲིལ་བྱེད་རྒྱུ་དང་།གཞོན་སྐྱེས་རྣམས་ཀྱིས་རིག་གནས་ལ་འབད་པ་དང་རྒན་རབས་རྣམས་ཀྱིས་སྒོ་གསུམ་དགེ་བའི་ལས་ལ་བརྩོན་ན་སྐུ་རིམ་དེ་ལས་བཟང་བ་ཞིག་མེད་པས། ཚང་མས་ཐུགས་ལ་འཇོག་པར་འཚལ།ང་ཚོ་ཡང་མྱུར་དུ་ཐུག་འོང་ལགས།
ད་ཐེངས་ངའི་གཤག་བཅོས་འདི་ཁྱེད་རྣམ་པའི་སེམས་ཁུར་དང་དཀའ་ལས་ལ་དོགས་ནས་སུས་ཀྱང་མི་གོ་བ་གསང་བའི་སྒོ་ནས་གཤག་བཅོས་བྱས་ཚར།
གཤག་བཅོས་འདི་ཡང་ལེགས་འགྲུབ་བྱུང་སོང།
བཀའ་དྲིན་ཆེ།

བོད་བྱ་ལོའི་ཟླ་གསུམ་པའི་ཚེས་ཉེར་དགུ་བཟའ་ཕུར་བུའི་ཉིན་ལ་སྤྲུལ་མིང་འཛིན་པ་བསྟན་འཛིན་དྲི་མེད་ནས་གུས་པས་ཕུལ།

འབུམ་ཡག་དགོན་གྱི་ལྷ་སྡེ

ལྷ་ལུང་དགོན་གྱི་ལྷ་སྡེ།