མདོ་སྨད་ཀླུ་ཚང་དགོན་པའི་དགེ་བའི་བཤེས་གཉེན་ཆེན་པོ་ཨ་ཁུ་རྒྱ་གྲོལ་མཆོག་བོད་གསང་སྔགས་རིག་གནས་བྱང་ཆུབ་གླིང་(འབའ་ཡུལ་པོ་ཏ་ལ)དུ་ཕེབས་ཏེ། རབ་རྒྱན་མེ་བྱ་ལོའི་ལུགས་གསར་(རྒྱ་རྩིས) གྱི་ཟླ་5བའི་ཚེས་27དང་ལུགས་རྙིང་(བོད་རྩིས)གི་ཟླ་5 བའི་ཚེས་2 ནས་ཉིན་བཅོ་ལྔའི་རིང་། བྱང་ཆུབ་ལམ་གྱི་རིམ་པའི་བཀའ་ཁྲིད་གནང་རྒྱུ་ཡིན་པས། འབའ་ཡུལ་པོ་ཏ་ལའི་དགེ་བསྙེན་རྣམས་དང་དད་ལྡན་སྐྱ་སེར་ཕོ་མོ་རྣམས་དུས་ལྟར་ཕེབས་རྒྱུ་ཐུགས་ལ་འཇགས་པར་འཚལ།

གསུང་ཆོས་ཀྱི་གོ་རིམ་དང་དུས་ཚོད་ནི།

ཚེས་གཉིས་ཀྱི་ཕྱི་དྲོ་དུས་ཚོད་དྲུག་ནས་བདུན་དང་ཕྱེད་ཀའི་བར་ལམ་རིམ་ཆེན་མོ།
ཚེས་གསུམ་གྱི་ཞོགས་པའི་དུས་ཚོད་བཅུ་ནས་བཅུ་གཅིག་དང་ཕྱེད་ཀའི་བར་ལམ་རིམ་ཕྱོགས་བསྒྲིགས །

ཉིན་གུང་དུས་ཚོད་གསུམ་ནས་བཞི་དང་ཕྱེད་ཀའི་བར་སྐུ་ཕྱོགས་ཐར་ཤུལ་ཆོས་སྐྱོང་རྒྱ་མཚོའི་ལམ་རིམ་འཇམ་དཔལ་ཞལ་ལུང་ཟིན་བྲིས།
ཕྱི་དྲོ་དུས་ཚོད་དྲུག་དང་སྐར་མ་བཅོ་ལྔ་ནས་བདུན་དང་ཕྱེད་ཀའི་བར་ལམ་རིམ་ཆེན་མོ་བཅས་ཡིན།

གཞན་ཡང་། ལུགས་རྙིང་གི་ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོ་དུས་ཚོད་དགུའི་སྟེང་ནས། དགེ་བསྙེན་སྒྲུབ་རྒྱུ་ཡིན་པས་དུས་ལྟར་ཐོན་རྒྱུ་གལ་ཆེ།

སྐད་འདི་ཕན་ཚུན་ལ་བཤད་པར་ཐུགས་རྗེ་ཆེ་ཞུ།

རིག་གནས་བྱང་ཆུབ་གླིང་གི་སློབ་སྒྲུབ་ཚན་ཆུང་ནས།
2017、5、25ལ།

༧ རིག་གནས་བྱང་ཆུབ་གླིང་གི་འཕྲིན་སྟེགས་ནས།
སྤྱི་ལོ ༢༠༡༧ ལོའི་ཟླ ༥བོའིཚེས ༢༧ ལ