བཤེས་གཉེན

美友9869145

བཤེས་གཉེན།

བཅུ་ཕྲུག་གནས་ལ་འཇུག་པ་ཡང་པའི་མཚན་ལྡན་བཤེས་གཉེན་དམ་པ་དག།

ཇི་སྲིད་བསྐལ་བ་གྲངས་མེད་བར་དུ་སྐུ་ཚེ་མི་ནུབ་བརྟན་པར་ཤོག།

འདི་ཕྱི་ལེགས་ཚོགས་མཐའ་དག་སྩོལ་མཁན་འགྲོ་བའི་མགོན་་པོ་ཁྱེད་ཉིད་ཡིན།།

མི་ཕྱེད་དད་པས་ལུས་ངག་ཡིད་གསུམ་དེང་ནས་བཟུང་སྟེ་ཁྱེད་ལ་འབུལ།།

སློབ་བུའི་ཡིད་ཀྱི་མུན་པའི་སྨག་ལ་གསེར་གྱི་སྒྲོན་མེ་སྦར་མཁན་ཁྱེད།།

མི་རིགས་འདི་ཡི་སྐད་དང་རིག་པའི་དར་ཆ་སྒྲེང་མཁན་ཁྱེད་ཉིད་ཡིན།།

རྨོངས་བའི་རི་ཚོགས་འོད་ཀྱིས་བཏུབ་པ་ཁྱེད་མིན་ནམ་ཡང་སུ་ཞིག་གོ།

བཀའ་དྲིན་ནམ་ཡང་མཇལ་བར་དཀའ་བ་བདག་གི་བཤེས་གཉེན་དམ་པ་ལགས།།

གསལ་བྱེད་སུམ་བཅུའི་མདུན་ནས་བསུས་ཏེ་བཅུ་ཕྲག་ཆུ་བོ་གཅིག་ཏུ་བརྒལ།།

རིག་པའི་གནས་ཀུན་རྒྱན་དུ་འཆིང་བའི་སློབ་དཔོན་དམ་པ་གུར་པར་འདུད།།

བདག་འཛིན་འཆིང་བ་རྒྱང་དུ་དོར་ནས་ནམ་ཡང་གཞན་དོན་འབའ་ཞིག་གཉེར།།

འགྲོ་བ་ཀུན་ལ་ཉེ་རང་མེད་པར་བུ་གཅིག་བཞིན་དུ་ལམ་སྟོན་མཛད།།

སྐྱེས་བུ་ཆེན་པོའི་མཚན་ཉིད་མངའ་བའི་མཚན་ལྡན་སློབ་དཔོན་དམ་པ་དག།

སོར་བཅུ་ཐལ་མོ་སྙིང་ཁར་སྤྱར་ཏེ་གུས་པའི་རྗེས་སུ་འཛིན་པར་སྨོན།།

ཚེ་རབས་འདི་དང་ཕྱི་མ་ཀུན་ཏུ་བཤེས་གཉེན་དམ་པར་འབྲལ་མེད་ཅིག།

རྣམ་དག་སེམས་ཀྱིས་ཀུན་ནས་བསླངས་ཏེ་སྨོན་ཚིག་འདི་ཙམ་བྲིས་པ་ལགས།

དུས་རླུང་གིས་ལྷག་སྐར་ཉིན་བྲིས།