ཤིང་རྟའི་སྲོལ་འབྱེད་ཀྱི་དོན་ལ་དཔྱད་པ།

☀️佐钦根桑仁真 ✍

རྩོམ་པ་པོ། རྫོགས་ཆེན་པ་ཀུན་བཟང་རིག་འཛིན།

ཤིང་རྟའི་སྲོལ་འབྱེད་ཀྱི་དོན་ལ་དཔྱད་པ་བློ་གསར་དགྱེས་པའི་ཐེམ་སྐས།

སྤངས་རྟོགས་ཡོན་ཏན་བྱེ་བའི་མཛོད་འཛིན་ཞིང་།།

དཔག་ཡས་ཕན་དང་བདེ་བའི་གནས་གཅིག་པུ།།

སྟོན་པ་མཆོག་དང་དེ་ཡི་དགོངས་པའི་གནད།།

ཇི་བཞིན་འགྲེལ་བའི་ཤིང་རྟའི་ཚོགས་ལ་འདུད། །

ཅེས་ཡུལ་དམ་པ་རྣམས་ལ་ཤིས་པར་བརྗོད་པས་ལམ་ཡངས་པོར་ཕྱེས་ཏེ། གང་ཞིག་གླེང་བར་བྱ་བ་ནི། ཟབ་དོན་ཆོས་ཀྱི་གཏེར་མཛོད་འགྲོ་བ་རྣམས་ཀྱི་སྐྱབས་དང་མགོན་དང་དཔུང་གཉེན་གྱི་མཆོག་ཏུ་གྱུར་བའི་བདག་ཅག་གི་སྟོན་པས། སྲིད་པའི་སྡུག་བསྔལ་གྱིས་བར་མཚམས་མེད་པར་མནར་བའི་སེམས་ཅན་རྣམས་འཁོར་བ་ལས་སྒྲོལ་བའི་ཕྱིར། ཐར་པ་བྱང་ཆུབ་གསུམ་གྱི་ལམ་གཙོ་བོར་སྟོན་པའི་གསུང་རབ་ཇི་སྙེད་ཅིག་གསུངས་པ་ཡིན་ལ། དེ་དག་གི་དགོངས་པ་ཇི་བཞིན་རྟོགས་པར་ཤིང་རྟ་ཆེན་པོའི་གཞུང་ལུགས་རྣམས་ལ་རགས་ལས་པས་ཤིང་རྟའི་སྲོལ་འབྱེད་ཀྱི་དོན་ལ་རོབ་ཙམ་དཔྱད་པ་ལ། དེ་ལ་དགག་བཞག་སྤོང་གསུམ་ལས། དང་པོ་གཞན་ལུགས་དགག་པ་ནི།

ཁ་ཅིག་ན་རེ། ཐེག་ཆེན་གྱི་ཤིང་རྟའི་སྲོལ་འབྱེད་ནི་རྒྱལ་བས་ལུང་བསྟན་པའི་ཤིང་རྟ་ཆེན་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། ཐོགས་མེད་གཉིས་ཁོ་ན་ཡིན་ཏེ། དང་པོ་ཀླུ་སྒྲུབ་ཤིང་རྟའི་སྲོལ་འབྱེད་ཡིན་པར་ནི། འཇམ་དཔལ་རྩ་རྒྱུད་ལས། དེ་བཞིན་གཤེགས་པ་ང་འདས་ནས། །ལོ་ནི་བཞི་བརྒྱ་ལོན་པ་ན། །དགེ་སློང་ཀླུ་ཞེས་དེ་འབོད་འབྱུང༌། །བསྟན་པ་ལ་ནི་དད་ཅིང་ཕན། །རབ་ཏུ་དགའ་བའི་ས་ཐོབ་པ། །ལོ་ནི་དྲུག་བརྒྱ་དག་ཏུ་འཚོ། །རིག་པ་རྨ་བྱ་ཆེན་མོ་ནི། །བདག་ཉིད་ཆེན་པོ་དེས་ཀྱང་བསྒྲུབ། །བསྟན་བཅོས་སྣ་ཚོགས་དོན་དང་ནི། །དངོས་པོ་མེད་པའི་དོན་དེ་རིག །གང་ཚེ་ལུས་དེ་བོར་བ་ན། །བདེ་བ་ཅན་དུ་སྐྱེ་བར་འགྱུར། །དེ་ནི་མཐར་གྱིས་སངས་རྒྱས་ཉིད། །ངེས་པ་ཁོ་ནར་ཡང་དག་འཐོབ། ། ཅེས་དང་། ལང་གཤེགས་ལས། ལྷོ་ཕྱོགས་བཻ་དའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། ། ཞེས་སོགས་ཟབ་དོན་འགྲེལ་བའི་ལུང་བསྟན་མང་དུ་གསུངས་པའི་ཕྱིར། ཞེས་དང་། གཉིས་པ་ཐོགས་མེད་དེ་ལྟར་ཡིན་ཏེ། འཇམ་དཔལ་རྩ་རྒྱུད་ལས། ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ཉིད་དོན་ལ་མཁས། །མདོ་སྡེ་ངེས་དོན་དྲང་བའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །འཇིག་རྟེན་རིགས་པ་སྟོན་བདག་ཉིད། །གཞུང་འབྱེད་ངང་ཚུལ་ཅན་དུ་འགྱུར། །དེ་ཡི་རིག་པ་གྲུབ་པ་ནི། །སཱ་ལའི་ཕོ་ཉ་མོ་ཞེས་བྱ། །དེ་ལུས་ཞིག་ནས་ལྷ་ཡུལ་འགྲོ ། ཞེས་གསུངས་པའི་ཕྱིར། ཞེས་ལུང་དེ་དག་གིས་ཤིང་རྟའི་སྲོལ་འབྱེད་ཉིད་དུ་བསྒྲུབས་ཀྱང་། ལུང་ཚིག་འདི་དག་གིས་སྤྱིར་ལུང་དུ་བསྟན་པ་ཙམ་ལས་ཤིང་རྟའི་སྲོལ་འབྱེད་ཉིད་དུ་ལུང་གིས་མ་ཟིན་ཅིང་། གལ་ཏེ་ཟབ་དོན་འགྲེལ་བར་ལུང་བསྟན་པས་སོ་ཞེ་ན།

འོ་ན་སློབ་དཔོན་ཞི་འཚོ་ཆོས་ཅན། ཤིང་རྟའི་སྲོལ་འབྱེད་ཡིན་པར་ཐལ། ཟབ་དོན་འགྲེལ་བར་ལུང་གིས་བསྟན་པའི་ཕྱིར།རྟགས་གྲུབ་སྟེ།འཇམ་དཔལ་རྩ་རྒྱུད་ལས། བསྟན་པའི་སྦྱིན་བདག་དང་། སྡོམ་བརྩོན་དང་། བྲམ་ཟེ་རྣམས་ལུང་བསྟན་པའི། སྡོམ་བརྩོན་གྱི་ཐོག་མར། སྟོན་པའི་གསུང་རབ་ས་སྟེང་དུ། །དུས་མཐའ་འཇིག་རྟེན་ཉམས་པ་ན། །སྡོམ་བརྩོན་རྒྱལ་པོའི་ཚུལ་གྱིས་ནི། །འབྱུང་བར་འགྱུར་བ་ཐེ་ཚོམ་མེད།། ཅེས་དང་། ལང་ཀར་གཤེགས་པ་ལས། ཕྱི་དུས་མུ་སྟེགས་ཀྱི་ལྟ་ངན་འབྱུང་བའི་གཉེན་པོ་ལྟ་བུར། དེ་ཡི་འོག་ཏུ་བྱས་དུས་ལ། །འདྲེན་པ་བློ་གྲོས་ཞེས་བྱ་བ། །ཤེས་བྱ་ལྔ་རྣམས་སྟོན་པ་པོ། །དཔའ་བོ་ཆེན་པོ་འབྱུང་བར་འགྱུར།། ཞེས་གསུངས་པའི་ཕྱིར། ཁྱབ་པ་ཁས། འདོད་མི་རིགས་ཏེེ། ཐེག་ཆེན་གྱི་ཤིང་རྟའི་སྲོལ་འབྱེད་ནི་རྒྱུལ་བས་ལུང་བསྟན་པའི་ཤིང་རྟ་ཆེན་པོ་དཔལ་མགོན་ཀླུ་སྒྲུབ་དང་། ཐོགས་མེད་གཉིས་ཁོ་ན་ཡིན་ཏེ། ཞེས་རང་ཉིད་ཀྱིས་དེ་ལྟར་འདོད་པར་ཁས་བླངས་ཟིན་པའི་ཕྱིར།

ཡང་ཁ་ཅིག་ན་རེ། སློབ་པའི་འགྲེལ་བྱེད་མཁན་པོ་གཞན་ལ་མ་ལྟོས་པར་རྒྱལ་བའི་བཀའ་ཡི་དགོངས་པ་རང་སྟོབས་ཀྱིས་འགྲེལ་ནུས་པའི་བྱང་འཕགས། ཐེག་ཆེན་བཀའི་ཤིང་རྟའི་སྲོལ་འབྱེད་ཀྱི་མཚན་ཉིད་ཟེར་ན། རྗེ་བཙུན་བྱམས་མགོན་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་ཀྱིས་བྱམས་མགོན་བྱང་འཕགས་ཉིད་དུ་མི་འདོད་པའི་ཕྱིར་ཏེ། ཁྱོད་ཀྱིས་སྤྱིར་ཤཱཀ་ཐུབ་དང་བྱམས་མགོན་ལ་སངས་རྒྱས་སུ་ཁྱད་པར་མེད་ཀྱང་། ཞེས་པའི་དྭགས་རྒྱུད་གྲུབ་པའི་ཤིང་རྟའི་ལུང་དྲངས་ནས་བྱམས་མགོན་སངས་རྒྱས་ཉིད་དུ་ལུང་གིས་བསྒྲུབས་པའི་ཕྱིར། འོན་ཀྱང་བྱམས་པ་སངས་རྒྱས་སུ་འདོད་པ་ནི་མི་རིགས་ཏེ། བྱམས་པ་སངས་རྒྱས་ཡིན་ན། བྱམས་པས་ཆོས་འཁོར་རིམ་པ་གསུམ་དུ་བསྐོར་བར་ཐལ་བ་དང་། བྱམས་ཆོས་སྡེ་ལྔ་བཀའ་ཡིན་པར་ཐལ་བ། བསྟན་པ་གཅིག་ལ་སྟོན་པ་གཉིས་ཡོད་པར་ཐལ་བ། ཉེ་བའི་སྲས་བརྒྱད་གྲངས་མ་ངེས་པར་ཐལ་བ་སོགས་རིགས་པ་དང་། མདོ་སྡེ་སྐལ་བཟང་ལས། བྱང་ཆུབ་སེམས་དཔའ་བྱམས་པ་འཁོར་ལོས་སྒྱུར་བ་ཡི། །རྒྱལ་པོ་རྣམ་པར་སྣང་བྱེད་ཅེས་བྱར་གྱུར་པ་ན། །བདེ་གཤེགས་མཐུ་ཆེན་གདུགས་ཚོད་དག་ལ་སྤྱན་དྲངས་ནས། །དང་པོར་བླ་མེད་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ།། ཞེས་དང་། མདོ་གཞན་ལས་ཀྱང་། བྱང་ཆུབ་སེམས་དཔའ་བྱམས་པ་དང་། ཞེས་གསུངས་པ་ལ་སོགས་ལུང་དང་འགལ་བའི་གནོད་བྱེད་ཡོད་དོ།།

གཉིས་པ། རང་ལུགས་བཞག་པ་ལ་གཉིས་ཏེ། སྤྱིར་ཐེག་ཆེན་གྱི་ཤིང་རྟའི་སྲོལ་འབྱེད་དང་། བྱེ་བྲག་ཤེར་མདོའི་ཤིང་རྟའི་སྲོལ་འབྱེད་གཉིས་ལས། དང་པོ་ལ་གཉིས། དང་པོ་མཚན་ཉིད་ནི། ཐེག་ཆེན་གྱི་བཀའ་ཡི་དགོངས་པ་ཟབ་པ་དང་རྒྱ་ཆེ་བ་གང་རུང་ངམ་ཟུང་འཇུག་གི་སྒོ་ནས་ཐོག་མར་འཛམ་གླིང་འདིར་རྒྱ་ཆེར་བཀྲལ་བའི་བྱང་སེམས་འཕགས་པ། དེ་ལ་ཟུར་ལྔ་ཡོད་དེ། བཤད་བྱ་ཐེག་ཆེན་བཀའ་ཡི་དགོངས་པ་ཟབ་པ་དང་རྒྱ་ཆེ་བ་གང་རུང་ངམ་ཟུང་འཇུག་དང་།   དུས་ཐོག་མར་གཏོད་པ། ཡུལ་འཛམ་གླིང་ཡིན་པ། ཚུལ་རིགས་པའི་རྣམ་གྲངས་རྒྱ་ཆེར་བཀྲལ་བ། རང་ཉིད་བྱང་འཕགས་ཡིན་པ་བཅས་སོ།།

གཉིས་པ་གྲངས་ངེས་ནི། དེ་ལ་ཤིང་རྟའི་སྲོལ་འབྱེད་གསུམ་དུ་གྲངས་ངེས་ཏེ། ཐོག་མར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། ཤེར་ཕྱིན་གྱི་མདོའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དེ་ཉིད་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་གཏན་ལ་ཕབ་པས་ཟབ་མོ་ལྟ་བའི་ཤིང་རྟའི་སྲོལ་འབྱེད་དང་། འཕགས་པ་ཐོགས་མེད་ཀྱིས་བྱམས་ཆོས་བར་བ་གསུམ་གྱི་དགོངས་དོན་ལྟར། དེ་ཉིད་ཀྱིས་མཛད་པའི་ས་སྡེ་ལྔ་དང་། སྡོམ་རྣམ་པ་གཉིས་སུ་མཚན་ཉིད་གསུམ་གྱི་སྒོ་ནས་བཀའ་ཡི་དགོངས་པ་རྒྱ་ཆེར་བཀྲལ་བས་རྒྱ་ཆེན་སྤྱོད་པའི་ཤིང་རྟའི་སྲོལ་འབྱེད་དང་། སློབ་དཔོན་ཞི་བ་འཚོས་དབུ་མ་རྒྱན་ལས། ཐེག་ཆེན་གྱི་བཀའ་ཡི་བརྗོད་བྱའི་སྙིང་པོ་དོན་དམ་པའི་བདེན་པ་དེ། དབུ་མ་བ་ལྟར་དུ་བཀྲལ་ཅིང་། རྒྱ་ཆེ་བ་ཀུན་རྫོབ་ས་ལམ་དང་མཚན་ཉིད་གསུམ་སོགས་ཀྱི་རྣམ་བཞག་དེ་སེམས་ཙམ་པ་ལྟར་དུ་བཀྲལ་ནས། ཟབ་རྒྱས་ཟུང་འཇུག་གི་ཤིང་རྟའི་ལམ་སྲོལ་ལེགས་པར་ཕྱེས་པས་ཟབ་རྒྱས་ཟུང་འཇུག་གི་ཤིང་རྟའི་སྲོལ་འབྱེད་དེ་གསུམ་དུ་གྲངས་ངེས་པ་ཡིན་ཏེ། ཐེག་ཆེན་གྱི་བཀའ་ཡི་དགོངས་པ་ལ་ཟབ་རྒྱས་གང་རུང་དང་ཟུང་འཇུག་སྟེ་སྲོལ་གསུམ་དུ་ངེས་པའི་ཕྱིར་ཏེ། ཀུན་མཁྱེན་མི་ཕམ་རྒྱ་མཚོའི་དབུ་མ་རྒྱན་གྱི་རྣམ་བཤད་ལས། རྒྱལ་བ་སྐྱོབ་པ་དེ་ཡི་ལེགས་གསུངས་ཆོས། །རྒྱ་ཆེན་སྤྱོད་པའི་གཞུང་བཟང་ཐོགས་མེད་དང་། །ཟབ་མོ་ལྟ་བའི་ཆ་རྣམས་ཀླུས་བཀྲལ་བས། །ཤིང་རྟ་གཉིས་ཞེས་ཉི་ཟླ་ལྟར་གྲགས་ཀྱང་། ། ཞེས་སོགས་དང་། དེ་ཕྱིར་ཚུལ་གཉིས་ཤིང་རྟའི་ལམ་སྲོལ་དང་། །དེ་དག་གཅིག་ཏུ་སྒྲུབ་པའི་སྲོལ་ཆེན་ཏེ། །ཐུབ་པའི་ཐེག་མཆོག་བསྟན་པའི་འཇུག་ངོགས་ལ། །གསུམ་པོ་འདི་ལས་གཞན་པའི་སྲོལ་མི་སྲིད། ། ཅེས་གསུངས་པའི་ཕྱིར། གཞན་ཡང་དེ་ཉིད་ལས། དངོས་སུ་ཕྱི་དོན་མེད་པར་རྣམ་རིག་པའི་ཚུལ་དང་མཐུན་པའི་དབུ་མའི་ཤིང་རྟའི་སྲོལ་ཕྱེ་བ་པོ་ནི་སློབ་དཔོན་འདི་ཡིན་པར་མཁས་དབང་ཐམས་ཅད་མགྲིན་གཅིག་ཏུ་བཞེད་ལ། དེ་ལྟར་རིགས་པས་ཀྱང་འགྲུབ་པར་རྒྱ་གཞུང་རྣམས་ལ་བལྟས་པས་ཤེས་སོ། ། ཞེས་ཟབ་རྒྱས་ཟུང་འཇུག་གི་ཤིང་རྟའི་སྲོལ་འབྱེད་མཁན་ཆེན་ཞི་བ་འཚོ་ཡིན་པར་གསུངས་སོ། །

གཉིས་པ་ལ་གཉིས། དང་པོ་མཚན་ཉིད་ནི། ཡུམ་གྱི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་དང་དངོས་བསྟན་སྟོང་ཉིད་རིམ་པ་གང་རུང་ཐོག་མར་རྒྱ་ཆེར་བཀྲལ་བའི་བྱང་སེམས་འཕགས་པ། དེ་ལ་ཟུར་བཞི་ཡོད་དེ། བཤད་བྱ་ཡུམ་གྱི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་དང་དངོས་བསྟན་སྟོང་ཉིད་རིམ་པ་གང་རུང་དང་།  དུས་ཐོག་མར་གཏོད་པ། ཚུལ་རྒྱ་ཆེར་བཀྲལ་བ། རང་ཉིད་བྱང་འཕགས་ཡིན་པ་བཅས་སོ། །གཉིས་པ་གྲངས་ངེས་ནི། དེ་ལ་ཤིང་རྟའི་སྲོལ་འབྱེད་གཉིས་སུ་གྲངས་ངེས་ཏེ། ཡུམ་གྱི་བརྗོད་བྱ་ལ་དངོས་བསྟན་སྟོང་ཉིད་དང་། སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཉིས་སུ་ངེས་ཤིང་། དང་པོ་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱིས་རིགས་ཚོགས་ལྔའམ་དྲུག་ལས་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་གཏན་ལ་ཕབ་པ་དང་། སྦས་དོན་མངོན་རྟོགས་ཀྱི་རིམ་པ་རྒྱལ་བའི་རྒྱལ་ཚབ་མ་ཕམ་མགོན་གྱིས་མངོན་པར་རྟོགས་པའི་རྒྱན་གྱིས་རྒྱ་ཆེར་བཀྲལ་བའི་ཕྱིར་ཏེ། སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས། ཡུམ་གྱི་བརྗོད་བྱ་ལ་སྙིང་པོ་དོན་དམ་པའི་བདེན་པ་དང་། རྒྱ་ཆེ་བ་མངོན་རྟོགས་ཀྱི་རིམ་པ་གཉིས་ལས། དང་པོ་རིགས་ཚོགས་དང་། གཉིས་པ་རྒྱན་གྱིས་བཀྲལ་ཅེས་གསུངས་པ་དང་། རྫོགས་ཆེན་དཔལ་སྤྲུལ་རིན་པོ་ཆེའི་སྤྱི་དོན་ལས། དངོས་བསྟན་སྟོང་ཉིད་ཀྱི་དོན་རིགས་ཚོགས་དང་། ཤུགས་བསྟན་སྟོང་ཉིད་བཤད་པ་ན་གདུལ་བྱའི་རྒྱུད་ལ་མངོན་རྟོགས་སྐྱེ་ཚུལ་གྱི་རིམ་པ་རྣམས་རྒྱན་གྱིས་བཀྲལ་བས། རྗེ་བཙུན་དང་ཀླུ་སྒྲུབ་ཞབས་གཉིས་ཀྱི་ཤེར་ཕྱིན་འགྲེལ་ཚུལ་གཉིས་སུ་བྱུང་ངོ་ཞེས་གསུངས་པ་དང་། རྫོགས་ཆེན་མཁན་པོ་ཐུབ་བསྟན་བརྩོན་འགྲུས་ཀྱི་ཤེར་ཕྱིན་འཆད་པའི་སྔོན་འགྲོ་ལས། ཡུམ་གྱི་མདོའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་ཀླུ་སྒྲུབ་ཞབས་དང་། སྦས་དོན་མངོན་རྟོགས་ཀྱི་རིམ་པ་རྒྱལ་བ་མ་ཕམ་པས་བཀྲལ་བ་དོན་ལ་གནས་པས་ཕར་ཕྱིན་གྱི་ཤིང་རྟའི་སྲོལ་འབྱེད་གཉིས་སུ་གྲངས་ངེས་སོ། །ཞེས་རྗེ་བཙུན་དང་ཀླུ་སྒྲུབ་གཉིས་ཁོ་ན་ཤེར་མདོའི་ཤིང་རྟའི་སྲོལ་འབྱེད་དུ་བཞག་པའི་ཕྱིར་རོ།།

གསུམ་པ་རྩོད་པ་སྤོང་བ་ལ། ཁོ་ན་རེ། རྗེ་བཙུན་བྱམས་མགོན་ཆོས་ཅན། ཐེག་ཆེན་བཀའ་ཡི་ཤིང་རྟའི་སྲོལ་འབྱེད་ཡིན་པར་ཐལ། ཐེག་ཆེན་གྱི་བཀའ་ཡི་དགོངས་པ་ཟབ་པ་དང་རྒྱ་ཆེ་བ་གང་རུང་ངམ་ཟུང་འཇུག་གི་སྒོ་ནས་འཛམ་གླིང་འདིར་རྒྱ་ཆེར་སྲོལ་གཏོད་པའི་བྱང་འཕགས་ཡིན་པའི་ཕྱིར། མ་གྲུབ། དེ་ཆོས་ཅན། དེར་ཐལ། ཤིང་རྟའི་སྲོལ་འབྱེད་ཡིན་པའི་ཕྱིར་ཟེར་ན། མ་ཁྱབ་སྟེ། ཐེག་ཆེན་གྱི་བཀའ་ཡི་ཤིང་རྟའི་སྲོལ་འབྱེད་ཡིན་པ་ལ་མཚན་ཉིད་དེའི་ཟུར་ལྔ་པོ་དང་ལྡན་དགོས་པ་ལ། ཟུར་བཞི་ལས་མ་ལྡན་པའི་ཕྱིར། དེ་ཆོས་ཅན། དེར་ཐལ། བྱམས་པས་འཛམ་བུ་གླིང་འདིར་འཛམ་གླིང་འདིར་སྲོལ་གཏོད་པ་མ་ཡིན་པའི་ཕྱིར། དེ་ཆོས་ཅན། དེར་ཐལ། རྗེ་བཙུན་བྱམས་མགོན་གྱིས་དགའ་ལྡན་དུ་འགྲེལ་བྱེད་མཁན་པོ་གཞན་ལ་མ་བལྟོས་པར་ཡུམ་དོན་དབུ་མར་འགྲེལ་པ་ལ། མངོན་རྟོགས་རྒྱན་དང༌། རྒྱུད་བླ་མ་གཉིས་མཛད། སེམས་ཙམ་དུ་འགྲེལ་པ་ལ། མདོ་སྡེ་རྒྱན་མཛད། ཐེག་པ་སྤྱིའི་ཟབ་པ་དང་རྒྱ་ཆེ་བའི་ཕྱོགས་སྟོན་པར་བྱེད་པ་ལ་ནི། དབུས་མཐའ་རྣམ་འབྱེད་དང་ཆོས་ཉིད་རྣམ་འབྱེད་མཛད་ཅིང་། དེ་དག་འཛམ་གླིང་འདིར་ཐོག་མར་སློབ་དཔོན་ཐོགས་མེད་ཀྱིས་དར་བར་བྱས་པས་སོ།།

སླར་སྨས་པ།

མདོ་དང་སྔགས་ཀྱི་ཆོས་ཚུལ་སྙིང་པོའི་དོན།།

སྲིད་གསུམ་ནོར་གྱིས་སྒྲུན་མིན་འདོད་དགུའི་མཛོད།།

ལོངས་སུ་སྤྱོད་པའི་སྐལ་བཟང་ལ་བསམ་ནས།།

སྤྲོ་དགའི་ཡིད་ཀྱིས་བསྐུལ་ཏེ་ངས་འདི་བྲིས།།

ཞེས་བོད་རབ་བྱུང་བཅུ་བདུན་པའི་མེ་སྤྲེལ་ལོའི་རྫོགས་ཆེན་ཤྲཱི་སེང་ནཱ་ལེནྡ་མཐོ་རིམ་ནང་བསྟན་སློབ་གླིང་ཆེན་མོའི་ལོ་

མཇུག་གི་རྒྱུགས་སྤྲོད་དུ་རྫོགས་ཆེན་པ་ཀུན་བཟང་རིག་འཛིན་ནམ་☀️རིག་པའི་ཉི་གཞོན་✍️འབོད་པ་དེས་རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཉིན་བྲིས་པར་དགེ །