རྨ་ཆུའི་འགྲམ་གྱི་གནས་མཆོག

慧源图书馆

རྨ་ཀླུང་གསེར་ལྡན་དལ་གྱིས་བཞུར་བཞིན་སྔོན་བྱུང་གཏམ་ལ་བསམ་གཞིག་བྱེད།།
འདབ་བཟང་ཁྱུང་ཆེན་རི་བོའི་གཟུགས་ཀྱིས་ཆོས་སྡེ་སྐྱོང་བར་སྔར་བཞིན་འགྱིང་།།
དགའ་ལྡན་བཀྲ་ཤིས་འབྱུང་བའི་ཆོས་སྡེ་རྒྱང་རིང་ལམ་དུ་ཡོད་ནའང་།།
ཆོས་དུང་དཀར་བོའི་དབྱངས་སྙན་རིང་མོ་རྣ་བའི་ལམ་དུ་ལྷང་ངེར་གསལ།།

སྔོན་གྱི་ལོ་ཟླ་རིམ་བཞིན་འདས་ན་ཡང་།།
གནའ་བོའི་གཏམ་དག་ད་དུང་ངག་ན་རྒྱུ།།
དམ་པ་དག་གི་བཀའ་དྲིན་རྗེས་དྲན་ཕྱིར།།
མཆོད་པའི་རྟེན་མཆོག་ལྷ་མིའི་དཔྱིད་དུ་སྦྲེངས།།

རྒྱང་གི་རི་ཡིས་གངས་ཀྱི་ཅོད་པན་མནབ།།
བར་གྱི་རྫ་རིས་བཙན་པོའི་གོ་ཆ་གྱོན།།
མདུན་གྱི་གཞི་རུ་ལེ་ཏོག་དཔྱིད་དུ་བཞད།།
རྒྱབ་དུ་གསེར་ལྡན་བུ་མོ་དལ་གྱིས་འགྲོ།།

ཞིག་པ་དངོས་པོའི་ཆོས་སུ་གྲུབ་ན་འང་།།
བསམ་བཞིན་བཤིག་པའི་སྐྱོ་བ་སྙིང་ལ་འཁྱིལ།།
གནའ་བོའི་ཤུལ་དུ་དལ་གྱིས་འཁྱམ་པ་ན།།

མེས་པོའི་ལོ་རྒྱུས་གསལ་ལེར་དྲན།།