སློབ་རའི་འཕྲིན་གསར།

美友8285294

ངེད་རྡོ་དཀར་མོ་དཀྱིལ་སྙིང་སློབ་གྲྭའི་སློབ་སྟོན་ཁང་གིས་ཆ་མཐུན་སློབ་ར་འཛུགས་སྐྲུན་དང་སློབ་རའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་དང་སློབ་བུ་ཆུང་ཆུང་ཚོའི་གླུ་ངག་གི་འཇོན་ནུས་སྙན་འགྱུར་གྱི་དབྱངས་རྟ་ལ་སྐུལ་སྟེ་ཕྱི་རུ་མངོན་པར་ལྔ་བཞིའི་ན་གཞོན་དུས་ཆེན་བསུ་བའི་སློབ་རའི་གླུ་དབྱངས་འགྲན་སྡུར་ཞིག་སྤེལ་བ་ཡིན།

མདོ་འཛིན་པ་རྒན་ཏཱ་རེ་སྐྱབས་ཀྱིས་མདོ་འཛིན་བྱེད་བཞིན་པའི་ཚུལ།

སློབ་རའི་གླུ་མ་འཇིགས་བྱེད་འཚོ་ཡིས་གྲེ་འགྱུར་ངག་ལ་དྲངས་ཏེ་འགྲན་སྡུར་གྱི་གླུ་སྒོ་ཡངས་པོར་ཕྱེས།

དྲང་བདེན་དང་འདྲ་མཉམ་གྱིས་དཔྱད་འདེམས་བྱེད་བཞིན་པའི་ཡུལ་དངོས།

འགྲན་ཞུགས་པ་རྣམས་ཀྱིས་རང་ཉིད་ཀྱི་ཚོར་བར་བརྒྱུས་ཏེ་གླུ་དབྱངས་ལེན་བཞིན་པ།

འགྲན་སྡུར་ལས་རྒྱལ་བའི་མི་སྒེར་དང་ཐུན་མོང་ལ་བྱ་དགའ་གནང་བ།

འགྲན་སྡུར་ལས་རྒྱལ་བའི་གཅིག་གཅིག་འཛིན་གྲྭ།

གར་གྱི་སྟངས་སྟབས་ཀྱིས་ཕྱུག་པའི་སློབ་རའི་ཞབས་བྲོ་རུ་ཁག

སྙན་འགྱུར་གླུ་སྐད་གྱིས་དྲངས་བའི་ལྟད་མོ་བོའི་ཚོགས།

སློབ་རའི་གླུ་བ་ཀུན་བཟང་ཚེ་རིང་གི་སྙན་མོ་གླུ་སྐད་དང་བསྡོངས་ཏེ་བྱ་འགུལ་བདེ་ལེགས་ངང་མཇུག་རྫོགས་པ།