<h3>ཡུལ་ཤུལ་ཁང་བྱིས་སློབ་ཁང་དུ་ལྟ་བསྐོར་ལ་སོང་བའི་སྣང་ཚུལ།</h3><h3> ཐོག་མར་དགེ་རྒན་ཚང་མ་བྱིས་སློབ་གྱི་དགེ་རྒན་ཆེད་དུ་ཡུལ་ཤུལ་གྲོང་ཁྱེར་བྱིས་པའི་སློབ་གྲྭ་ཡོངས་ལ་ལྟ་བསྐོར་དུ་འགྲོ་ཚར་བ་རེད། བྱིས་པའི་སློབ་གྲྭའི་དེས་ནང་ནས་ང་རང་ཉིད་ཀྱི་སྣང་ཚུལ་ལ།དང་པོ་ལག་རྩལ་གྱི་སྐོར་བླང་བ་ཡིན། ལག་རྩལ་གྱི་སྐོར་ལ་གྱང་ངོས་ལ་སྒྱུར་བའི་སྐད་ཡིག་དང་སྲོག་ཆགས་གང་ཟག་གི་རྒྱན་ཀྲས་སྣ་ཚོགས་ལ་ཧ་ལས་པ་ཞིག་ལས་འདུག ཡང་དེ་དང་དེ་འདྲ་བའི་གནམ་རྒྱན་ལ་རྒྱལ་སྲིད་སྣ་བདུན་དང་བཀྲ་ཤིས་རྟག་བརྒྱན་ལོ་དཀོར་བཅུ་གཉིས་མེ་ཏོག་རྣམས་པ་སྣ་ཚོགས་ཀྱི་ལོ་མ་དང་ལོ་འདེབས་དེ་བདག་གི་རྒྱུ་ཆ་ཚང་མ་ནི་ཤོག་བུ་ལས་གྲུབ་ཡོད་པ་རེད།ཤོག་བུའི་ལག་རྩལ་ལ་བསྟེན་ནས་གཟུགས་དབྱབས་ཚང་མ་གསར་བསྐྲུན་ཕུན་སུམ་ཚོགས་པ་ཞིག་བྱེད་ཡོད་དོ།།</h3> <h3>གཉིས་པ་ནི། སྲོལ་རྒྱུན་རིག་གནས་ཀྱི་སྐོར་ལ། སྦྲ་ནག་དང་གུར་ཆུང་།ཐབ་ཀ་དང་བཞོ་བཟོ།ལྤགས་པ་དང་བོད་ལྭ། རྡོ་འཁྱིག་དང་སྒྲོ་བ།རྟ་སྒ་དང་ཁལ་སྒ།འུར་ཆ་ལ་སོགས་པ་མ་ཉམས་གོང་འཕེལ་དང་ཉམས་པ་ལྷར་གསོ།ཐུན་མོངས་མ་ཡིན་པའི་ཁྱད་ཆོས་ལྡན་པ་ཞིག་བསྐྲུན་ཡོད།</h3> <h3>གསུམ་པ་ནི། བྱིས་པའི་རྩེ་རིག་སྐོར་ལ།ལུས་རྩལ་སྦྱང་དར་དང་ཐག་གདང་དང་རྐང་རྩེད་པོ་ལོ།བོད་གླུ་དང་རྒྱ་གླུ བོད་གཞས་དང་རྒྱ་གཞས། ཞབས་བྲོ་དང་བསྐོར་བྲོ་དེ་ཚོ་ནི་བྱིས་པའི་ལུས་ཁམས་བདེ་ཞིང་སྐྱེད་པའི་འཚར་ལོངས་བྱུང་སུ་རྩ་བ་ཡིན། འདི་བདག་གི་སེམས་ཁམས་ལ་དྭངས་ཞིངགསར་བའི་སྤྲོ་སྣང་སྙེད་ཐབས།གླུ་གར་གཞས་གསུམ་གྱིས་བྱིས་པའི་སེམས་ཁམས་ལ་སྤྲོ་སྣང་སྟེར་ཐོབ།</h3>