དྲིན་ཆེན་མ་ལོ།

ཚིག གདུགས་དཀར

གདངས།དམངས་ཁྲོད།

གཞས་མ།ཟོན་ཐར་སྐྱིད།

རོལ་མོ་སྒྲིག་བཟོ།རིན་ཆེན་འབུམ།

དྲིན་ཆེན་མ་ལོའི་ལུས་ལ།།

འཚོ་བའི་མངར་སྐྱུར་འགོས་ཡོད།།

སྐྲ་དཀར་ཉག་མ་རེ་ལ།།

ལོ་ཟླའི་མྱོང་བ་འདུས་ཡོད།།

དྲིན་ཆེན་མ་ལོའི་ངག་ལ།།

མ་ཎི་ཡིག་དྲུག་སྐྱོར་ཡོད།།

ཕྲ་ཆུང་མིག་གི་ནང་ལ།།

བྱམས་བརྩེའི་འོད་ཀྱིས་ཁྱབ་ཡོད།།

དྲིན་ཆེན་མ་ལོའི་སེམས་ལ།།

བུ་མོའི་བདེ་སྡུག་འཁོར་ཡོད།།

བུ་མོའི་གླུ་སྐད་ནང་ལ།།

མ་ལོའི་བརྩེ་བ་འཁྱིལ་ཡོད།།

དྲིན་ཆེན་མ་ལོའི་བློ་ལ།།

ལས་འབྲས་རི་མོ་མངོན་ཡོད།།

ཕྲེང་རྡོག་རེ་རེའི་གཞུང་ལ།།

མ་ལོའི་སྙིང་རྗེ་སིམ་ཡོད།།

དྲིན་ཆེན་མ་ལོའི་རྒྱུད་ལ།།

མཛངས་མའི་ཡོན་ཏན་འཛོམས་ཡོད།།

བརྩེ་བའི་འཛུམ་ཆུང་རེ་ལ།།

ཟོལ་མེད་ལྷག་བསམ་ཉར་ཡོད།།

དྲིན་ཆེན་མ་ལོའི་གདོང་ལ།།

ལོ་ཟླའི་རྒས་གཉེར་བབས་ཡོད།།

ཚེ་རིང་ནད་མེད་ཡོང་བའི།།

རྟེན་འབྲེལ་གླུ་ཞིག་ངས་ལེན།