༼ཚོར་བའི་རླབས།

美友4679161

--དབལ༒བཙན་སྨྱུག

ཡར་ལྟས་ལ་ཁའི་རྩེ་ལ།།

སྨུག་སྤྲིན་ལང་ལོང་འཁྲིག་འདུག།

རབ་རིབ་སྨུག་རྫའི་འོག་ན།།

ཡིད་མཐུན་རོགས་ལོ་ཨེ་ཡོད།།

དགུང་ཁའི་ཉི་མ་སེར་པོ།།

ཡུད་ཙམ་ལ་མོ་མ་བརྒལ།།

མི་ཡུལ་གྲོང་ནས་བོར་བའི།།

བྱམས་པ་ད་དུང་རྙེད་མེད།།

རི་རྩེའི་དར་ལྕོག་ཚོམ་བུ།།

བསིལ་འཇམ་རླུང་བུས་གཡུག་ཚེ།།

ན་མཉམ་བུ་མོའི་ལང་ཚོ།།

ཡ་ཆུང་སེམས་ལ་འཆར་བྱུང་།།

གཤོག་རྩལ་རྒྱས་པའི་གླག་ཕྲུག།

ཨ་སྔོན་དབྱིངས་སུ་བཏེགས་ཚེ།།

ཞེ་སེམས་མཐུན་པའི་རོགས་ལོ།།

གང་དུ་ཡོད་ཙམ་གཟིགས་རོགས།།

འཇིག་རྟེན་མི་ཡུལ་གྲོང་ནས།།

ཅི་བསམ་འགྲུབ་རྒྱུ་དཀའ་ཡང་།།

ཁྲ་ཆུང་མིག་ཟུང་དཀྱིལ་དུ།།

བུ་མོའི་མཛེས་ཞལ་དཔར་བཞག།

ནས་ཆང་བདུད་རྩི་མངར་མོས།།

ཡིད་སེམས་བཟི་བར་མ་ནུས།།

བཅོས་མིན་འཛུམ་མདངས་ཤིག་གིས།།

སེམས་པའི་གཏིང་འོག་བརྗེས་སོང་།།

བཟུང་བའི་ཤེས་བྱའི་མན་ངག།།

བློ་རུ་འཆར་རྒྱུ་མི་འདུག།

མ་བཟུང་བྱམས་པའི་ཞལ་རས།།

ཡིད་ལ་འཁོར་ཐེངས་མང་སོང་།

བཅོ་ལྔའི་དུང་ཟླ་དཀར་པོ།།

ཡིད་ལ་མཛེས་རྒྱུ་མི་འདུག།

མཐོང་རྒྱུ་དཀོན་པའི་ཞལ་རས།།

སེམས་ཀྱི་དྭངས་བཅུད་ངོ་མ།།

དྲིན་ཆེན་ཕ་མའི་ཁ་ཏ།།

རྣ་རྒྱབ་རླུང་བུའི་ངང་ཚུལ།།

བུ་མོའི་སྙིང་གཏམ་ཐུང་ཐུང་།།

ཐོས་འཛིན་རྣ་བའི་བུ་རམ།།

ཁ་སང་བརྩེ་བའི་ལྷག་མ།།

དེ་རིང་སེམས་སུ་བཞག་ཡོད།།

སང་ཉིན་མཉམ་འཛོམས་དུས་ལ།།

རེ་མིག་ད་ནས་གྱེར་ཡོད།།

ལས་དབང་རླུང་བུའི་འགྲོས་ལ།།

བསམ་ཤེས་ཅུང་ཙམ་ཡོད་ན།།

ཁ་ཐག་རིང་བའི་བུ་མོར།།

འཕྲད་པའི་དུས་ཤིག་གནང་རོགས།།

དར་འབབ་བུ་མོའི་ལང་ཚོ།།

བཅུད་ལྡན་ཁམ་བུའི་རང་བཞིན།།

ཐེངས་གཅིག་ཟོས་པ་ཙམ་གྱིས།།

སྐམ་གདུང་ག་ལ་སེལ་སྲིད།།

སྨིན་ལེགས་བུ་མོ་ཁྱོད་ལ།།

གཏན་ཚིག་དམ་བཅའ་ཡོད་ན།།

སྙིང་གཏམ་གང་སར་མ་བཤད།།

མི་ཚོགས་ཁ་ནས་ཁྱབ་འགྲོ།

ལྷན་འཛོམས་བུ་མོའི་མིག་ཟུང་།།

མཐོང་རྒྱུ་ཡོད་པ་སྤྲོ་ཡང་།།

བྲལ་རྗེས་སེམས་ཀྱི་ན་ཟུག།

དྲན་ན་འཇིགས་ཀྱི་གཞི་མ།།

ཐོག་མའི་ཞལ་འཛོམས་མེད་ན།།

མཐའ་མའི་རྨ་ཁ་མི་དགོས།།

མཐའ་མའི་འབྲལ་བ་མེད་ན།།

ཐོག་མའི་བརྩེ་བ་ལོས་དགོས།།

ཕང་ཕུང་སྤྲིན་དཀར་འདབ་མ།།

ཨ་སྔོན་དབྱིངས་ཀྱི་མཛེས་རྒྱན།།

སྙིང་སྡུག་བུ་མོའི་བརྩེ་བ།།

མདུན་བསྐྱོད་གོམ་ཁའི་ངར་སྒྲ།

གཟུར་མེད་འཆི་བའི་དུས་ལ།།

དེ་ཙམ་འཇིགས་རྒྱུ་མི་འདུག།

དུང་སེམས་དུས་ལ་འཐིམས་ན།།

བྲང་ཁའི་དབུགས་རྒྱུན་རིང་ངེས་།།

སྐྱེ་འཆི་སྔོན་གྱི་སྐོས་བཞག།

དོན་ལ་སྙིང་བོ་མེད་ཀྱང་།།

བརྩེ་བའི་འདུ་འཛོམས་བྱུང་ཚེ།།

འཆི་མེད་བདུད་རྩི་གནང་རོགས།།

ཉིན་རེའི་ས་སྲོད་རེ་ལ།།

མིག་རྒྱང་མཁའ་རུ་འཕངས་ནས།།

སྙིང་སྡུག་དུང་སེམས་ཅན་པོར།།

ཞལ་འཛོམས་བྱུང་ན་བསམ་བྱུང་།།

མི་རྟག་འཁོར་བའི་གྲོང་དུ།།

དོན་མེད་འཆི་ན་སྐྱོ་བ།།

དུང་སེམས་རུམ་ཁའི་འོག་ནས།།

མི་ཚེ་རྫོགས་ཀྱང་ཅི་འགྱོད།།

ནམ་མཁའི་སྤྲིན་ཕུང་ཞིག་ལ།།

སྙིང་གཏམ་ཚིག་གསུམ་བསྐུར་ཡོད།།

བསིལ་རླུང་ཡར་འགྲོ་གདའ་ན།།

བདེ་མིན་གཏམ་ཞིག་ཐོངས་ཤོག།

བསིལ་འཇམ་རླུང་བུ་ཞིག་ལ།།

གསང་བའི་གཏམ་ཞིག་བཅོལ་ཡོད།།

གནམ་ལ་འགྱུར་བ་མེད་ན།།

མི་འགོར་ཁྱོད་ཀྱིས་ཐོས་སྲིད།།

སློབ་གྲྭའི་འཁོར་ཡུག་ཆུང་ཆུང་།།

ལྷིང་འཇགས་ངང་དུ་འཐིམས་ཀྱང་།།

ཡ་ཁོག་སེམས་ཀྱི་འཇིག་རྟེན།།

ཅི་ཙམ་བདེ་ལ་མ་འཁོད།།

དུང་སེམས་འདྲེས་པའི་བུ་མོ།།

ས་ཐག་རིང་པོས་སྐལ་ཡང་།།

བརྩེ་བའི་སེམས་ཆུང་ཁྲ་མོ།།

མི་འབྲལ་ཁྱོད་དང་མཉམ་འགྲོགས།།

ལྷབ་ལྷུབ་ཁ་བའི་དཔུང་ཚོགས།།

ས་གཞི་ཡོངས་མོའི་གོད་ཆགས།།

ལྷུང་ལྷུང་མིག་ཆུའི་ཐིགས་པ།།

གཡུ་ཆུང་སྙིང་ལོའི་འཕར་སྒྲ།

ཉི་མ་ནུབ་ནས་བཞུད་སོང་།།

ཟླ་བ་ཤར་ནས་འཆར་སོང་།།

མ་མཐོང་བྱམས་པའི་ཞལ་རས།།

ཅི་ཙམ་སྒུག་ཀྱང་མི་ཡོང་།།

ཆུ་མོའི་དར་ཁ་མཐུག་སོང་།།

ཉ་མོའི་སེམས་པ་སྐྱོ་སོང་།།

སྙིང་སྡུག་རྒྱང་དུ་ཆས་སོང་།།

བུ་ཆུང་སེམས་པ་སྐྱོ་སོང་།།

ཕུ་ནས་གྱོད་གཞི་རྩོད་སྐད།།

མདའ་ནས་ནང་དམེ་བྱས་རབས།།

འོན་ཀྱང་བྱམས་པའི་གནས་ཚུལ།།

ཐོས་འདོད་རྣ་ལ་མ་ཡོང་།།

ས་ཐག་རིང་བའི་ཁྱོད་ལ།།

འགྱུར་བའི་བསམ་པ་མེད་ན།།

བརྩེ་བའི་མུ་ཏིག་ཕྲེང་བ།།

ཚེ་གཅིག་མགུལ་གྱི་རྒྱན་ཡིན།།

ཉུང་ཉུང་ཚིག་གི་ཉོག་གཏམ།།

པིར་རྩེའི་མགོ་ནས་རྫོགས་ཀྱང་།།

མང་མང་སེམས་ཀྱི་སྙིང་གཏམ།།

སེམས་པའི་གཏིང་ལ་མཆིས་ཡོད།།

༢༠༡༧.༣.༡༣--༣.༡༨ བར།