ཡུལ་ཤུལ་མཐོ་འབྲིང་གསུམ་པའི་༼དཔེ་ཀློག་ལས་འཁྲུངས

པའི་སྤྲོ་བ་༽བརྗོད་དོན་གྱི་གཏམ་བཤད་འགྲན་སྡུར།

玉树三高"我读书,我快乐"演讲比赛

ཡུལ་ཤུལ་ཁུལ་མཐོ་འབྲིང་གསུམ་པ་ནི་ཁུལ་མི་དམངས་སྲིད་གཞུང་གི་མཆོག་མཆན་གནངས་ཏེ།ཡུལ་ཤུལ་མི་དམངས་དང་ཁྲི་འདུ་མང་ཚོགས་ཁྲི་མ་འབུམ་གྱིས་རེ་བ་དང་ཡིད་ཆེས་ཀྱི་ཀློང་ནས།ཡུལ་ཤུལ་ཁུལ་སློབ་གསོ་སྡེ་ཁག་དང་ཁྲི་འདུ་རྫོང་ཨུ་རྫོང་སྲིད་གཞུང།སློབ་གསོ་ཅུའུ་སོགས་ཀྱིས་བླ་མེད་ཀྱི་མཐོང་ཆེན་དང་རྒྱབ་སྐྱོར་ཆེན་པོའི་འོག་ནས།སྤྱི་ལོ་༢༠༡༥ལོའི་ཟླ་༩བའི་ནང་དུ་དངོས་སུ་མི་རིགས་སློབ་གསོའི་བགྲོད་ལམ་སྟེང་དུ་གོམ་ཁ་བསྒྱུར།

玉树州第三民族高级中学是在州政府的批复下,在玉树人民以及称多百姓的强烈呼吁中,并在玉树州教育局,称多县县委县政府,县教育局的高度重视和大力支持下,于2015年9月正式成立。

ཐེངས་འདིའི་གཏམ་བཤད་འགྲན་སྡུར་གྱི་མདོ་འཛིན་པ་རྒན་ཀུན་མཆོག་ཚེ་རིང་དང་རྒན་ཧུའུ་ཞའོ་ཞ

本次演讲比赛的主持人,何晓霞老师和关吉乎才仁老师

སྙན་པའི་གྲགས་པ་གངས་རིའི་རི་སུལ་ཀུན་ཏུ་ལྡིར་བའི་ཕ་ས་གསེར་གྱི་ལུང་བ་ནས་ངས་ཡབ་མེས་ཀྱི་མཛད་འཕྲིན་ཨ་སྔོན་དགོང་འདེགས་ཀྱིན་རིག་གཞུང་གི་རྒྱ་མཚོ་གོ་ལའི་ཡང་རྩེ་རུ་སྐྱོམ་བཞིན་པའི་མི་རིགས་འདིའི་འདས་མ་ད་གསུམ་ལ་བསམ་གཞིག་གི་བློ་ཕུག་བྲང་ལ་གཏོད་ཅིང་དཔེེ་ཀློག་གི་དབྱངས་སྙན་ཧི་མ་ལའི་དབུ་རྩེ་རུ་ཡང་ཡང་སྒྲོག

གཏམ་བཤད་གྱི་ཡུལ་དངོས།

演讲现场

精读一本好书,点亮一盏心灯,营造良好温馨的读书氛围,分享读书的快乐,养成好读书的习惯,同时展示良好的读书风貌以及提高学生的演讲水平,7月28日下午, 我校特此举办"我读书,我快乐"演讲比赛,来自十三个班级的26同学参加本次比赛。

གཏམ་བཤད་ཀྱི་དཔྱད་འདེམས་སློབ་དཔོན་དག།

本次演讲的评委老师

སློབ་གཙོས་དངོས་སུ་གཏམ་བཤད་ལ་གཟིགས་ཞིབ་གནངས་བ།

གོ་ཐོས་ལྟར་ན་གངས་ཅན་རིག་པའི་དཔའ་བོ་རྡོ་གྲགས་པ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་དཔེ་ཀློག་གི་གཤོག་རླབས་བར་ནས་རྒྱལ་ཁམས་རིག་པས་འཇལ་ཡོད་ཟེར། གོས་ཐོས་ལྟར་ན་གངས་ཅན་རྩོམ་རིག་གསར་བའི་བདག་ཉིད་ཆེན་པོ་དཔལ་དོན་གྲུབ་རྒྱལ་ལགས་ཀྱིས་དཔེ་ཀློག་གི་རྣམ་དཔྱོད་བར་ནས་སྙན་རྩོམ་ཐང་མར་བརྡལ་ཡོད་ཟེར། གོ་ཐོས་ལྟར་ན་ཁྱེད་ཅག་གིས་དཔེ་ཀློག་གི་གསུང་དབྱངས་བར་ནས་སློབ་ཆེན་གྱི་སྒོ་ཐེམ་འགྲིམ་རྒྱུ་ཟེར།

比赛过程中,选手们的演讲各具特色,有的慷慨激昂,铿锵有力;有的低沉温婉,感人肺腑,演讲过程高潮迭起,精彩纷呈,富有激情。选手们紧紧围绕此次活动主题,或诉说怎样做一名爱读书的学生;或用自己的真实经历告诉大家学校就是自己最温暖、最幸福的家;或讲述自己与老师之间的点点滴滴,让同学们知道了师爱的无私与伟大;或讲述自己在校园里读书赐给的每一个快乐瞬间,让同学们深深感受到了校园就是学生的乐土;或通过在学校的每一个学习瞬间,让同学们知道在学校学习不仅收获了快乐,而且知道了做人的道理,学到了渊博的知识;

在7月28比赛中脱颖而出的26名演讲选手,在现场与同学们们共享阅读的喜悦。他们有的畅谈读书的感悟,有的歌颂读书的快乐,有的分享读书的小趣事,特别是参赛的选手们稚嫩自信的声音以及丰富生动的表情博得现场同学们的阵阵掌声。

饭可以一日不吃,觉可以一日不睡,书不可以一日不读。

ནམ་རྒྱུན་དཔེ་ཀློག་ལ་གཞོལ་ན་ང་ཚོའི་མཐོང་ལམ་ནི་མཁའ་དབྱིངས་བཞིན་མཐའ་ཡས་པ་ཞིག་ཏུ་འགྱུར་བ་མ་ཟད། མཐར་འཇིག་རྟེན་གྱི་ལྟད་མོ་སྣ་ཚོགས་ང་ཚོའི་མིག་ལམ་དུ་ཅིག་ཅར་མངོན་ཡོང་བ་གདོན་མི་ཟ། འཐོབ་འདོད་ན་རིག་པའི་ཉིང་ཁུ་དཔེ་ཆ་ལས་གཞིབས་དགོས། མཐོང་འདོད་ན་མཛེས་པའི་ལྟད་མོ་དཔེ་ཆ་ལས་མཐོང་ཐུབ་ལ། ལྡན་དགོས་པའི་མི་ཚེའི་སྙིང་བོ་ཡང་དཔེ་ཆ་ལས་ལེན་ཐུབ

读书多了,容颜自然改变,许多时候,自己可能以为许多看过的书籍都成了过眼云烟,不复记忆,其实他们仍是潜在的,在气质里,在谈吐上,在胸襟的无涯,当然也可能显露在生活和文字里。

དཔེ་ཀློག་ནི་དགོས་འདོད་ཀུན་འབྱུང་གི་དཔག་བསམ་ཁྲི་ཤིང་ཞིག་སྟེ། དེ་ལས་ང་ཚོས་རྣམ་དཔྱོད་ཀྱི་རལ་གྲི་ལ་ཐོས་བསམ་གྱི་ངར་ཁ་སྣོན་ཐུབ་ལ། གནའ་དེང་རིག་གཞུང་གི་ཨ་སྔོན་དབྱིངས་སུ་རེ་བ་ཡི་གཤོག་པ་བརྐྱངས་ཏེ་འཇིག་རྟེན་གྱི་ཁམས་ལ་རོལ་མྱོང་ཐེངས་གཅིག་བྱེད་ཐུབ

读书使人得到一种优雅和风味,这就是读书的整个目的,而只有抱着这种目的的读书才可以叫做艺术,一人读书的目的并不是要"改进心智",因为当他开始想要改进心智的时候,一切读书的乐趣便丧失净尽了。

དུས་རྒྱུན་དཔེ་ཀློག་ལ་སྤྲོ་བ་མེད་པའི་མི་བུ་དེ་མཐོང་ཐོས་མྱོང་གསུམ་གྱི་རྣམ་ཤེས་མེད་ལ་འཆད་རྩོད་རྩོམ་གསུམ་གྱི་སྨྲ་ལྕེ་དེ་བས་ཀྱང་དབེན། དཔེ་ཀློག་མེད་པའི་ཉེས་སྐྱོན་ནི་འཇིགས་ཡེར་ཞིང་སྐྱི་གཡའ་བའི་གནད་དོན་ཞིག་ཏུ་ལུས་ཡོད།

读书没有合宜的时间和地点,一个人有读书的心境时,随便什么地方都可以读书,如果他知道读书的乐趣,他无论在学校内或学校外,都会读书,无论世界有没有学校,也都会读书,他甚至在最优良的学校里也可以读书

དཔེ་ཀློག་གི་ཡིག་འབྲུ་རེ་རེའི་བར་གསེང་ན་གོ་རྟོགས་ཀྱི་འདུ་ཤེས་རྨད་དུ་བྱུང་ལ། དཔེ་ཀློག་གི་གླེགས་བམ་རེ་རེའི་སྔ་རྗེས་ན་སྔོན་ཐོན་གྱི་གོམ་ཁ་རླུང་ལས་མགྱོགས།

读书到最后,是为了让我们更宽容地去理解这个世界有多复杂

ཁྱོད་ཀྱིས་ཨེ་ཤེས། དཔེ་ཀློག་གི་ཐོས་བསམ་གྱི་ཁྲོད་ནས་རྣམ་དཔྱོད་ཀྱི་མཁྱེན་རབ་ཀླུང་དུ་བརྡོལ་བའི་གནམ་གྱིས་ས་བཀབ་པ་ལྟ་བུའི་སྐྱེས་ཆེན་བགྲང་ལས་འདས་པ་ཞིག་གངས་ཅན་གྱི་ལྗོངས་འདིར་བྱོན་མྱོང་ཡོད། དེ་བས་ང་ཚོས་ཀྱང་གདགས་གཞིའི་ཕུང་བོ་འདི་དཔེ་ཀློག་ལ་བསྟིམ་ནས་མི་ཡུལ་འདིར་ཟས་རིན་གྱི་ཚུལ་དུ་རིག་གཞུང་གླེགས་བམ་གྱི་བྲག་རི་བརྩིག

书籍是人类最好的老师,读书的益处很多,不仅能扩大人的知识面陶冶人的情操让人明真理,辨是非,对学生来说更能提高他们的写作水平和语言表达能力,养成爱读书的好习惯可以使学生受益终身,正所谓?书中自有黄金屋?。所以人应从小养成良好的读书习惯。

གོ་ཐོས་ལྟར་ན་གངས་ཅན་རིག་པའི་དཔའ་བོ་རྡོ་གྲགས་པ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་དཔེ་ཀློག་གི་གཤོག་རླབས་བར་ནས་རྒྱལ་ཁམས་རིག་པས་འཇལ་ཡོད་ཟེར། གོས་ཐོས་ལྟར་ན་གངས་ཅན་རྩོམ་རིག་གསར་བའི་བདག་ཉིད་ཆེན་པོ་དཔལ་དོན་གྲུབ་རྒྱལ་ལགས་ཀྱིས་དཔེ་ཀློག་གི་རྣམ་དཔྱོད་བར་ནས་སྙན་རྩོམ་ཐང་མར་བརྡལ་ཡོད་ཟེར། གོ་ཐོས་ལྟར་ན་ཁྱེད་ཅག་གིས་དཔེ་ཀློག་གི་གསུང་དབྱངས་བར་ནས་སློབ་ཆེན་གྱི་སྒོ་ཐེམ་འགྲིམ་རྒྱུ་ཟེར།

书不仅增长了我的知识,还是为我解答难题的一位良师

དུས་རབས་ཀྱི་གོམ་འགྲོས་ཀྱི་བར་ནས་ང་ཚོས་མཉམ་དུ་དཔེ་ཀློག་གི་གདང་དབྱངས་ངག་ལ་གྱེར་བཞིན་བློ་སྙིང་མཆིན་གསུམ་གྱི་ཕྱི་ནང་བར་གསུམ་དང་སེམས་ཀྱི་ཟབ་ས་ནས་འཚོལ་བཞིན་པའི་མི་ཚེའི་ཕུགས་བསམ་དེ་ལ་རྒྱང་ལྟ་བྱེད།

、"读书是一种幸福,让人增长知识,使人明白道理,令人憧憬未来,叫人品味生活 ,给人益处多多,这种幸福别无取代。世界读书日祝愿朋友 幸福读书,读书幸福。"

དཔེ་ཀློག་མེད་པའི་སློབ་བུ་དེའི་ཕུགས་བསམ་ནི་མཁའ་ཡི་པདྨོ་དང་ས་ཡི་འཇའ་ཚོན་གྱི་གཟུགས་སུ་གྲུབ་ཡོད་ལ་དཔེ་ཀློག་མེད་པའི་སློབ་བུ་དེའི་འཚོ་བ་ནི་སྨག་རིམ་ཁྲོད་ཀྱི་ཞར་བ་ཞིག་དང་ཀུན་ནས་མཚུངས། དེ་བས་ང་ཚོས་དཔེ་ཀློག་ལ་དོ་སྣང་གི་སྒོ་འཕར་ཡངས་བོར་ཕྱེས་ཏེ་དཔེ་ཀློག་ལ་གོམས་པར་བྱ

读一本好书,胜过万两黄金;赏一本好书,宛如鸿运缠身;品一本好书,恰似幸福重温。世界读书日,愿你多读书!

ཁྱོད་ཀྱིས་རང་གི་ཡབ་མེས་དག་གི་ལོ་རྒྱུས་ཀྱི་ཡིག་ཚང་ཤེས་པར་སྤྲོ་ན་དཔེ་ཀློག་བྱོས་དང་དཔེ་ཀློག་གིས་ཁྱེད་ཉིད་ལོ་རྒྱུས་ཡིག་ཚང་གི་མཛོད་ཀྱི་སྦུབས་སུ་ཁྲིད་ངེས་ཡིན། ཁྱོད་ཀྱིས་རང་གི་མི་ཚེ་ལ་མཚར་སྡུག་སྟོང་གི་གཟི་བྱིན་སྤྲོས་འདོད་ན་དཔེ་ཀློག་བྱོས་དང་དཔེ་ཀློག་གིས་ཁྱེད་ཉིད་ཕུགས་བསམ་གྱི་ཉི་མའི་ཞིང་དུ་ཁྲིད་ངེས་ཡིན།

经过激烈角逐,才吉、江永成林、更求西然,扎西获得此次演讲比赛一等奖。土登卓玛、尕玛仁青等获得此次演讲比赛二等奖,其他同学也获得了相应奖励。

此次我读书,我快乐演讲比赛,学校为大家提供了一个展示自我的平台,丰富了学生的课余生活,唤起同学们读书励志,快乐成才之心,为以后的学习和生活照亮了前进的道路

比赛结束后,评委老师对小选手们的演讲进行了充分肯定和精彩点评,激励他们要不断努力,取得更大的进步

མཐར་ཤེས་རིག་གི་མཐོང་རྒྱ་མཁའ་ལས་ཡངས་ཤིང་བྱམས་བརྩེ་ཡི་ཆུ་འཛིན་ལ་ཡལ་བ་མེད་པའི་དགེ་རྒན་རྣམས་ཀྱི་སློབ་གསོའི་ལས་དོན་ཡར་ངོའི་ཟླ་དང་དབྱར་གྱི་མཚོ་བཞིན་འཕེལ་བ་དང་ཤེས་རིག་གི་མཚོ་ཀློང་ན་དགོས་འདོད་ཀྱི་ནོར་བུ་ཧར་གྱིས་མཐུ་བའི་བློ་གསལ་གཞོན་ནུ་ཁྱེད་ཅག་གི་སློབ་སྦྱོང་གི་འབྲས་བཟང་གོང་ནས་གོང་དུ་འཕེལ་བའི་བཀྲ་ཤིས་སྨོན་འདུན་ཞུ།

རེ་བ་དང་གསོན་ཤུགས་ཀྱི་ཁེངས་པའི་ཡུལ་ཤུལ་མཐོ་འབྲིང་གསུམ་པ།

生机盎然的玉树三高