དཔེ་ཆ་ཀློག་རྒྱུ་ནི་ཁྱོད་རང་གི་བྱ་བ་ཞིག་ཡིན།

美友10501414

ང་ཚོས་དཔེ་ཀློག་བྱེད།

ང་ཚོས་མི་ཚེ་ལ་མཚར་སྡུག་བསྐྲུན།

དཔེ་དེབ་དང་མཉམ་དུ་རོལ་བའི་སྐར་ཆ་རེ་རེ་ནི་

ང་ཚོའི་མི་ཚེ་ལ་གནང་བའི་

ཆེས་བླ་ན་མཐོ་བའི་ལེགས་སྐྱེས་ཡིན།

དཔེ་ཀློག་གིས་སེམས་ཀྱི་གུར་ཁྱིམ་དུ།

དཀར་བསལ་གྱི་འོད་སྣང་བསྩལ་ཐུབ།

དཔེ་དེབ་ཀྱི་བར་ནས་

ཕུལ་དུ་བྱུང་བའི་མི་སྣ་དང་ལྷན་དུ་

བསམ་བློའི་བྲོ་གར་འཁྲབ་ཆོག

ང་ཚོ་སི་ཞིག་གིས་

མི་ཚེ་ཐོས་པ་གཞོལ་ཏེ་

རིག་པ་གླེགས་བམ་ལས་དྲངས་ན་

བླངས་དོར་གྱི་གནད་ལ་མཁས་ཞིང་

རང་སེམས་ཉི་མ་བཞིན་གསལ་འོང་།

དཔེ་དེབ་ཅིག་གི་ཁ་ཕྱེ་པ་ལས་

སེམས་ཀྱི་སྒྲོན་མེ་གསལ་ལེར་སྦར་བ་ཡིན་ལ་

གསེར་ལས་ལྷག་པའི་དངོས་གྲུབ་སེམས་སུ་ཟགས་པ་ཡིན།

དཔེ་དེབ་ཀྱི་ཁྲོད་ན་

མིག་མདུན་ལས་ལྷག་པའི་རྒྱང་རིང་དང་

ཡང་དག་པའི་ཞིང་ཁམས་ཡོད།

དཔེ་དེབ་ནི་གསེར་གྱིས་ས་བོན་ཞིག་ཡིན་

དེས་ཁྱེད་ཀྱི་སེམས་ཁོངས་སུ་

འཛད་ཐབས་མེད་པ་ཞིག་བསྐྲུན་ཐུབ།

འཕེལ་རྒྱས་ཀྱི་རྩ་བ་ནི་

དཔེ་དེབ་ལག་ཏུ་་ཐོག་པའི་

ཞོགས་པ་ནས་མགོ་བརྩམས་པ་ཡིན།

དཔེ་ཀློག་ཁྲོད་ཀྱི་དཀའ་ངལ་ནི་

གནས་སྐབས་ཙམ་ཡིན་ལ་

ཤེས་ཡོན་མེད་པའི་སྡུག་བསྔལ་ནི་

ཚེ་གང་གི་སྡུག་བསྔལ་ཡིན།

ང་ཚོས་དཔེ་ཀློག་བྱེད།

ང་ཚོས་མི་ཚེ་ལ་མཚར་སྡུག་བསྐྲུན།