ངེད་རྡོ་དཀར་མོ་དཀྱིལ་སྙིང་སློབ་གྲྭའི་ཀུན་སྤྱོད་ཁང་གིས་རྩ་འཛུགས་བྱས་པ་བརྒྱུད་ནས་བདེ་འཇགས་སློབ་གསོ།ཁྲིམས་ལུགས་དྲིལ་སྒྲོགས།འཕྲོད་བསྟེན་གྱི་རྒྱུན་ཤེས་དང་ཟས་རིགས་བདེ་འཇགས་སོགས་གཙོ་བོར་བཟུང་སྟེ་ཞང་མི་དམངས་སྲིད་གཞུང་གི་མཐུན་སྦྱོར་འོག་ཏུ་ཆེད་ལས་མི་སྣ་རང་སློབ་གྲྭར་གདན་དྲངས་ཏེ་༼ཚེ་སྲོག་གཅེས་སུ་འཛིན་ཚེ་ཐོག་མར་བདེ་འཇགས་ལ་དོ་སྣང་དགོས༽ཞེས་པའི་ཕྱོགས་ཡོངས་རང་བཞིན་གྱི་དྲིལ་སྒྲོགས་དང་འཆད་ཁྲིད་ཀྱི་བྱ་འགུལ་ཞིག་སྤེལ་ལ་དེ་དང་ཞོར་དུ་མེ་སྐྱོན་སྔོན་འགོག་གི་འཁྲབ་སྦྱོང་གི་བྱ་འགུལ་ཞིག་ཀྱང་སྤེལ་བ་ཡིན།ཐེངས་འདིའི་བྱ་འགུལ་ལས་སློབ་མ་རྣམས་ལ་བདེ་འཇགས་ཀྱི་འདུ་ཤེས་དང་ཁྲིམས་ལུགས་ཀྱི་འདུ་ཤེས།འཕྲོད་བསྟེན་གྱི་རྒྱུན་ཤེས།མེ་སྐྱོན་རང་སྲུང་གི་ནུས་པ།ད་དུང་ཟས་རིགས་བདེ་འཇགས་ལ་དོ་སྣང་མ་བྱས་ཚེ་རང་ཉིད་ཀྱི་ཚེ་སྲོག་དང་འབྲེལ་ཡོད་པ་སོགས་ཀྱི་སྐོར་ནས་གནས་ལུགས་གསལ་རྟོགས་བྱུང་ཡོད།

ཆེད་ལས་གདན་ཞུ་མི་སྣ་ཚོགས་རར་འབྱོར་བའི་ཚུལ།

བདེ་འཇགས་སློབ་གསོ་འཆད་ཁྲིད་བྱེད་བཞིན་པའི་ཚུལ །

སློབ་གྲོགས་ཆུང་ཆུང་ཚོས་སེམས་ཞིབ་མོས་ཉན་བཞིན་པའི་ཡུལ་དངོས།

འཕྲོད་བསྟེན་རྒྱུན་ཤེས་འཆད་བཞིན་པ།

མེ་སྐྱོན་སྔོན་འགོག་གི་འཁྲབ་སྦྱོང་ཡུལ་དངོས།