སེམས་ཀྱི་པ་སངས་སྒྲོལ་མ།

美友519407

དང་པོ་སྙིང་དུ་སྡུག་སོང་།།བར་དུ་སེམས་ལ་སིམ་སོང་།། མཐའ་མ་ཞེ་ལ་ཐོགས་སོང་།།ང་ཡི་པ་སངས་སྒྲོལ་མ།། དུང་ཟླ་མཁའ་ལ་འཛུམ་མོད།།ཁྱེད་ཀྱི་ཞལ་ལ་མི་དོ།། མེ་ཏོག་སྤང་ལ་འཁྲུངས་ཡང་།།མིག་ལ་ཁྱེད་བཞིན་མ་མཛེས།། དུང་བ་གཞན་ལ་མི་དབང་།།སྙིང་སྡུག་ཁྱེད་ལ་དབང་ཡོད།། བརྩེ་བ་གཞན་ལ་མི་སྟེར།།སྙིང་སྡུག་ཁྱེད་ལ་བྱིན་ཡོད། ཁུ་བྱུག་གསུང་སྐད་སྙན་མོད།།ཁྱེད་ཀྱི་ངག་ལ་མི་དོ།། རྒྱ་ལྕང་ཚིག་དྲུག་མཛེས་ཀྱང་།།ཁྱེད་ཀྱི་དོ་ཡ་མི་འོངས།། བྱངས་དུང་སེམས་ཀྱི་སྙིང་གཏམ།།སེམས་སོང་ཁྱེད་ལ་ལབ་ཡོད།། མཚན་སྨག་དུས་ཀྱི་རྨི་ལམ།།ཁྱེད་ཀྱི་ཆེད་དུ་རྨས་ཡོད།། རྒྱང་ཐག་རུང་བ་ཕྱི་ཡིན།།སེམས་ཐག་ཉེ་བ་ནང་ཡིན།། ཕྱི་དང་ནང་གི་བར་ན།།དྲན་རྒྱུ་དུས་རྒྱུན་ཁྱེད་ཡིན།། སྙན་ངག་མིན་པ་འདྲ་ལ།།གླུ་གཞས་ཡིན་པ་འདྲ་བ།། གང་ལྟར་སེམས་གཏམ་ཡིན་པ།།དེ་རིང་ཁྱེད་ལ་ཕུལ་ཡོད།།