༄རང་ཉིད་ཀྱི་ཡིག་གཟུགས་བརྩམས་ཆོས། 藏文书法作品

查利爵巴

རེབ་གོང་ཡིག་གཟུགས་པ་གཅོད་པ་ཚེ་རིང་གི་ལོ་རྒྱུས།

༄རེབ་གོང་ཡིག་གཟུགས་པ་གཅོད་པ་ཚེ་རིང་། ཕོ། སྤྱི་ལོ་༡༩༦༨ལོའི་ཧོར་ཟླ་༡༢པའི་ཚེས་༣༠ཉིན་རེབ་གོང་ས་དཀྱིལ་སྡེ་བར་སྐྱེས། ང་རང་ཚང་ཕ་མེས་ནས་དམངས་སྲོལ་རིག་གནས་ཕུན་སུམ་ཚོགས་པའི་ཁྱིམ་ཚང་ཞིག་རེད་ཅེས་བཤད་ཆོག རྒྱུ་མཚན་ཕ་ལགས་སྤྱི་ཚོགས་གསར་རྙིང་དུས་སུ་མཚན་སྙན་གྲགས་ཆེ་བའི་དངུལ་བཟོ་ཁྱད་འཕགས་ཅན་ཞིག་ཡིན་པ་མ་ཟད་དམངས་ཁྲོད་གླུ་གར་ལའང་ཧ་ཅང་མཁས། ཕའི་རྒྱུན་འཛིན་པ་བུ་འབྲིང་བོ་བསོད་ནམས་བཀྲ་ཤིས་དང་ཆུང་བ་རྣམ་རྒྱལ་ཚེ་རིང་གཉིས་ནི་དེང་རབས་ཀྱི་གསེར་དངུལ་བཟོ་བ་མིང་གྲགས་ཅན་ཞིག་ཡིན་པ་ནི་སྨོས་མ་དགོས་བ་ཞིག་རེད། དེ་བས་ང་ལ་མཚོན་ནའང་རང་ཁྱིམ་རྒྱུད་ལྷན་སྐྱེས་ཀྱི་ལག་བདེ་ཡིན་ནའང་འདྲ་རང་ཉིད་ཀྱི་བརྩོན་པ་ལ་བརྟེན་ནས་ཡིག་གཟུགས་འབྲི་མཁན་ཞིག་ཏུ་གྱུར། ཆུང་དུས་ཕ་ལགས་ཀྱིས་སམ་ཊ་ཞིག་ལས་ཏེ་ཐོག་མར་ཡིག་གཟུགས་སྦྱངས་རུ་བཅུག་པ་དང་། རིམ་བཞིན་ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་དང་རོང་བོ་དགོན་པའི་ཨ་ཁུ་འཇིགས་མེད་ཕུན་ཚོགས་སོགས་ཀྱི་ཕྱག་རྒྱུན་ལ་འབད་པར་བྱས། དམའ་འབྲིང་སྐབས་སུ་འཛིན་གྲྭ་གཅིག་གི་སློབ་གྲོགས་དང་ལྷག་པར་དུ་གྲོགས་མཆོག་མཁར་རྩེ་རྒྱལ་ཟེར་བ་དེའི་གོམས་གཤིས་བཟང་བོ་དང་བག་ཆགས་ཟབ་མོས་ཁོ་རང་དང་མཉམ་དུ་ཡིག་གཟུགས་ལ་འབྲི་སྦྱངས་བྱས་ཏེ་དུས་རྒྱུན་ཏུ་ཡིག་གཟུགས་ལེགས་པོར་བྲིས་ནས་ཕན་ཚུན་ལ་འཕྲིན་ཐུང་བརྒྱུད་བསྐུར་བྱས་ཏེ་བསམ་བློ་བརྗེ་རེས་བྱས། དེ་ལྟར་རང་རྐྱ་ཐུབ་པ་ནས་བཟུང་སློབ་གྲྭའི་ནང་དང་སྡེ་བའི་ནང་དུ་ལོ་གསར་གྱི་སྒོ་བྱང་དང་ཁ་ཏོན་གྱི་དཔེ་ཆ་སོགས་གང་མང་བྲིས་མྱོང་། ཀློག་ཁ་བྱང་བྲིས་ལག་བྱང་ཟེར་བའི་དཔེར་ལྟར་རིམ་བཞིན་རང་ས་གནས་དང་ཁུལ་རིམ་པ་ཞིང་ཆེན་རིམ་པའི་ཡིག་གཟུགས་འགྲན་བསྡུར་སྟེང་བྱ་དགའ་གང་མང་བླངས་མྱོང་ལ། བརྩམས་ཆོས་གང་མང་ཞིག་རང་ས་གནས་དང་རྒྱལ་ནང་གི་གྲོང་ཁྱེར་འགའ་ལ་ཁྱབ་ཡོད་པ་དང་རང་ཉིད་ཀྱིས་ཀྱང་ཉར་ཚགས་གང་མང་བྱས་ཡོད། དུས་ད་ལྟ་རྨ་ལྷོ་ཁུལ་ཡིག་གཟུགས་མཐུན་ཚོགས་ཀྱི་ཀྲུའུ་ཞུ་གཞོན་པའི་འགན་ཁུར་ཡོད་ལ་རེབ་གོང་གྲོང་ཁྱེར་རིག་གནས་ཁང་གི་འགོ་གཙོའི་འགན་ཁུར་བ་ནས་བཟུང་ས་གནས་ཀྱི་ཡིག་གཟུགས་འགྲན་སྡུར་སོགས་སྤེལ་ནས་མི་རིགས་ཀྱི་ཡིག་གཟུགས་དར་སྤེལ་དང་རྒྱུན་འཛིན་ཕྱོགས་ལ་འབད་པ་བྱས་དང་བྱེད་བཞིན་ཡོད།།

༄ལོ་གསར་གྱི་སྒོ་བྱང་འབྲི་དུས།

༄གྲོང་ཁྱེར་གྱི་མགྲོན་པོར་འབྲི་དུས།

༄བརྩོན་འགྲུས།