བྱམ་བརྩེའི་འོད་སྣང་།

谢日尖措

ལོ་ངོ་གསུམ་གྱི་དཀའ་སྡུག་གི་འབྲས་བུ།

དཀར་མོ་དགོན་འཇང་ཆེན་ཚད་མ་རིག་པའི་སློབ་གླིང་།
དཀར་མོ་དགོན་འཇང་ཆེན་ཚད་མ་རིག་པའི་སློབ་གླིང་ནི་སྤྱི་ལོ་ཉིས་སྟོང་དགུ་ལོར་དགོན་པའི་ཟུར་དུ་གྲྭ་རྒྱུན་གཞོན་སྐྱེས་རྣམས་ལ་བཙུགས་པའི་སློབ་གྲྭ་ཞིག་ཡིན་ལ།སློབ་གྲྭའི་རྒྱ་ཁྱོན་ལ་རྨི་རྒྱ་དཔང་གྲུ་བཞི་མ་ཁྲི་གཉིས་ལྷག་ཡོད།

སྐུ་ཕྱོགས་རིན་པོ་ཆེ༧ཨོའུ་རྒྱ་རྡོ་རྗེ་འཆང་ཚང་དང་དགེ་རྒན་ཆེན་མོ་རུ་མང་ཐབས་མཁས་ཚང་རྣམ་གཉིས་དབུ་བཞུགས་ཀྱིས་དགོན་པའི་རྒན་གྲྭས་ནས་ཐོག་མཐའ་བར་གསུམ་དུ་དགོན་པ་དང་སློབ་གྲྭའི་འཆད་ཉན་བཤད་སྒྲུབ་དང་རིག་གནས་སློབ་གསོ་དགོན་སྡེའི་འཕེལ་རྒྱས་སོགས་ལ་གྲོས་བསྡུར་རབ་དང་རིམ་པར་གནང་པ།

དཀར་མོ་དགོན་དང་འཇང་ཆེན་ཚད་མ་རིག་པའི་སློབ་གླིང་གཉིས་ལ་བཀའ་དྲིན་བླ་ན་མ་མཆིས་པའི་དཔལ་ལྡན་བླ་མ་དམ་པ་སྐུ་ཕྱོགས་རིན་པོ་ཆེ༧ཨོའུ་རྒྱ་རྡོ་རྗེ་འཆང་ཚང་།

དགོན་པའི་ཆོས་སྲིད་ལེགས་ཚོགས་ཐམས་ཅད་ལ་ཐུགས་ཁུར་ཟབ་རྒྱས་གནང་མཁན་གྱི་ཁྲི་བ་བློ་བཟང་བསྟན་པའི་རྒྱལ་མཚན་ཚང་དང་སྤྲུལ་སྐུ་བོའུ་རྣམ་གཉིས།

དཀར་མོ་དགོན་མཁའ་སྤྱོད་གསང་ཆེན་སྒྲུབ་སྡེ་དགའ་ལྡན་བཀྲ་ཤིས་ཆོས་འཁོར་གླིང་།

དཀར་མོ་དགོན་པའི་དགེ་བའི་བཤེས་གཉེན་ཆེན་མོ་རུ་མང་ཐབས་མཁས་ཚང་།

དཀར་མོ་དགོན་མཁའ་སྤྱོད་གསང་ཆེན་སྒྲུབ་སྡེ་དགའ་ལྡན་བཀྲ་ཤིས་ཆོས་འཁོར་གླིང་གི་་སྤྲུལ་སྐུ་རྣམ་གཉིས།

མཛའ་བརྩེའི་ལྷག་བསམ་དཀར་བོའི་འཐུ་འོག་ནས་མཚར་ལོངས་བྱུང་བའི་རིག་སྨྲ་སློབ་བུའི་ཚོགས།

སློབ་གླིང་འདིར་འཛིན་སྐྱོང་སྤེལ་གསུམ་གནང་མཁན་གྱི་དགེ་རྒན་དཔུང་སྡེ།

འཇང་ཆེན་ཚད་མ་རིག་པའི་སློབ་གླིང་གི་སློབ་གཙོ་འཇམ་དབྱངས་སངས་རྒྱས།

དཔེ་ཀློག་གི་དབྱངས་རྟས་དགོན་སྡེའི་འཁོར་ཡུག་གི་ལྷིང་འཇགས་དཀྲོགས་པ།

མ་འོངས་པའི་འབྱུང་འགྱུར་ལ་རེ་འབྲས་ཀྱི་ཉི་གཞོན་འདྲེན་པའི་གསར་བཞད་མེ་ཏོག་གི་ཚོམས་བུ།

མེད་པ་ནས་ཡོད་པ་དང་ཡོད་པ་ནས་གནས་པ་གནས་པ་ནས་འཕེལ་རྒྱས་སུ་ཕྱིན་པའི་འཇང་ཆེན་ཚད་མ་རིག་པའི་སློབ་གླིང་ནི། སྔོན་ཆད་སྡོད་ཁང་དང་འཚོ་བའི་ཆ་རྐྱེན་སོགས་གང་ཡང་མེད་ན་ཡང་ད་ལྟ་གཞུང་སྒྲུབ་ཁང་དང་། སློབ་ཁང་། དཔེ་ཁང་། ཉལ་ཁང་། འཚོགས་ཁང་སོགས་སློབ་གཉེར་བ་རྣམས་ཀྱི་དགོས་མཁོ་ཡོངས་སུ་བསྐང་འདུག

ལོ་ཟླའི་འཁོར་བསྐྱོད་ཀྱི་གྲྭ་ཟུར་རེ་རེ་ན་དཀའ་སྡུག་གི་འཚོ་བ་དང་ཐོས་བསམ་སློབ་གཉེར་གྱི་རི་མོ་གསལ།

སློབ་གྲྭ་འདིའི་ཁྲིད་གཞི་ལ་ཡི་གེ་སྦྱོར་ཀློག་ནས་བཟུང་སྟེ་སུམ་རྟགས་དག་གསུམ།སྒྲ་སྙན་ངག རྩིས་དཀར་ནག གསོ་བ་རིག་པ། བཅའ་ཁ་ཕྱག་ལེན་དང་འབུད་རྡུང་དཀྲོལ་གསུམ།གཏོར་མ་བཅའ་བཟོ།ཐིག་རྡུལ་ཚོན། རི་མོ་དང་ས་དཔྱད། རྩིས་འཁོར། རྒྱ་ཡིག་དང་དབྱིན་ཡིག བོད་ཡིག་གཟབ་གཤར་གྱི་བྲིས་རྒྱུན་སོགས་སློབ་ཁྲིད་བགྲང་བྱ་གསུམ་མམ་ལྔ་ཡི་རིང་ཡིན།

སློབ་གླིང་འདིར་སྒྲིག་ལམ་ཀུན་སྤྱོད་དང་སློབ་སྦྱོང་ལ་ཧུར་བརྩོན་བྱེད་མཁན་གྱི་སློབ་བུར་དམིགས་གསལ་གྱི་བྱ་དགའ་དང་སློབ་མཐར་ཕྱིན་རྗེས་དཀར་མོ་དགོན་པའི་ཚོགས་ཆེན་ཏུ་ཞུགས་ནས་བསྡུས་གྲྭ བློ་རྟགས་ཀྱི་རྣམ་བཞག ཕར་ཕྱིན། མཛོད། འདུལ་བ། དབུ་མ། བཅས་གཞུང་བཀའ་པོད་ལྔ་སྔགས་ཕྱོགས་རིག་གནས་དང་བཅས་པ་ལ་ཐོས་བསམ་སློབ་གཉེར་མཐར་ཕྱིན་པ་ཞིག་བྱེད་རྒྱུ་དེ་ཡིན།

༧ རིག་གནས་བྱང་ཆུབ་གླིང་གི་འཕྲིན་སྟེགས་ནས།
སྤྱི་ལོ ༢༠༡༧ ལོའི་ཟླ ༢ བོའིཚེས ༡༧ ལ