རྡོ་དཀར་མོ་དཀྱིལ་སྙིང་སློབ་གྲྭའི་འཕྲིན་གསར།

美友8285294

དཔྱིད་དཔལ་བུ་མོའི་འཛུམ་མདངས་དལ་གྱིས་ངོམས་པའི་དུས་འདི་དང་བསྟུན་ནས་ང་ཚོ་རྡོ་དཀར་མོ་དཀྱིལ་སྙིང་གྲྭས་དུས་རབས་ཀྱི་འཕོ་འགྱུར་དང་བསྡོངས་ཏེ་ཡབ་མེས་གོང་མ་དག་གི་བློ་གྲོས་ཀྱི་རྩལ་ལས་འཁྲུངས་པའི་སྐད་དང་ཡི་གེ་འདི་གཉིས་ཕྱི་རྐྱེན་ནང་རྐྱེན་གང་རུང་གི་སྒོ་ནས་ཉམས་ཞན་དུ་འགྲོ་བར་དམིགས་ནས་༼ཕ་སྐད་ཀྱི་རང་སྒྲ༽ཞེས་པའི་སུམ་ཅུ་བའི་རྩ་བ་མི་སྒེར་དང་ཐུན་མོང་གཉིས་སུ་དབྱེ་ནས་བློ་ངོར་འདོན་པའི་འགྲན་བསྡུར་ཞིག་སྤེལ་ལ་འགྲན་བསྡུར་གྱི་རྣམ་པ་ཅུང་རྒྱ་ཆེ་ལ་གཟབ་རྒྱས་ཡིན།འགྲན་བསྡུར་འདི་ལས་སློབ་མ་ཆུང་ཆུང་དག་ལ་མེས་རྒྱལ་ལ་དགའ་ཞེན་དང་མི་རིགས་ལ་བརྩེ་བ་ཟབ་པའི་འདུ་ཤེས་ཆགས་རྒྱུ་དང་དེ་བས་ཀྱང་རང་མི་རིགས་ཀྱི་ཕ་སྐད་དང་མ་ཡིག་འདིིའི་འདས་མ་ད་གསུམ་གྱི་འཕེལ་འགྲིབ་ལ་བསམ་གཞིགས་དང་དེ་ཉིད་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་ཕྱོགས་ལ་ཆུང་དུས་ནས་འགན་ཁུར་དང་འདུ་ཤེས་ཟབ་མོ་ཞིག་རྒྱུད་ལ་འཇགས་རྒྱུ་དང་འབྲི་ཀློག་འདོན་གསུམ་ཀྱི་ཐད་དུའང་སྔ་མོ་ནས་གོམས་གཤིས་ལེགས་པོ་ཞིག་གསོ་སྐྱོང་བྱེད་དགོས་པ་མ་ཟད་ད་དུང་རང་མི་རིགས་ཀྱིས་སྲོལ་རྒྱུན་ནས་བརྒྱུད་ཡོང་བའི་དཔེ་ཀློག་བློ་སྐྱོར་གྱི་སྦྱངས་ཐབས་དཔེ་མེད་འདི་ལྟ་བུའི་ལམ་ནས་རིག་པ་གཞོན་དུས་ཀྱི་སྐབས་ཀླགས་འདི་དམ་དུ་བཟུང་སྟེ་བློ་ངོར་ངེས་ཚེ་མི་ཚེ་བསྐལ་བར་དུ་རྐུན་བཅོམ་འཕྲོག་གསུམ་བྲལ་བའི་ཤེས་བྱ་ཡི་ཚེ་ནོམ་དུ་རློམ་ཆོག་པས་བོད་ཚོ་བོད་གངས་ཅན་གྱི་བརྡ་སྤྲོད་པའི་བསྟན་བཅོས་སམ་ཡི་གེའི་ཕྱི་མོ་ལེགས་བཤད་ལྗོན་དབང་འདི་ཉིད་ནི་བརྡ་སྤྲོད་པར་འཇུག་པའི་ལས་དང་པོ་བ་དག་ལ་མཚོན་ན་འདི་ནི་ཆེས་རྨང་གཞི་ཡིན་ལ་ཆེས་གཞི་རྩའང་ཡིན་པས་སློབ་ཆུང་གི་རིམ་པ་ནས་འགོ་བརྩམས་ཏེ་བརྡ་སྤྲོད་པའི་ཕྱོགས་སུ་རྐང་བཟང་བོར་ཚུགས་པར་འབད་པར་བྱ།

དཔྱད་འདེམས་པས་སྐར་མ་འགོད་བཞིན་པ།

མི་སྒེར་གྱི་འགྲན་ཞུགས་པ།

ཐུན་མོང་གི་འགྲན་ཞུགས་པ།

ཡུལ་དངོས་ཀྱི་བློ་སྐྱོར་རྣམ་པ།

འགྲན་སྡུར་གྱི་ཟུར་ངོས་སོ་སོ།

བྱ་དགའ་ཐོབ་པའི་མི་སྒེར་དང་ཐུན་མོང་ལ་བྱ་དགའ་འབུལ་བཞིན་པའི་ཚུལ།

མཇུག་མཐར་སློབ་གཙོ་དཔལ་འབྲུག་དང་སློབ་སྟོན་ཀྲུའུ་རིན་རྒན་སྐལ་བཟང་གཉིས་ནས་འགྲན་སྡུར་ལ་གསུང་བཤད་གནང་སྟེ་བདེ་ལེགས་ངང་མཇུག་རྫོགས་པ།

གཙོ་སྒྲུབ། རྡོ་དཀར་མོ་དཀྱིལ་སྙིང་སློབ་གྲྭ།

སྤྱི་ལོ༢༠༡༧ལོའི་ཟླ༣ཚེས༡༧ཉིན།