མུན་སེལ་སྒྲོན་མེ་ཚང་གི་སྙན་ངག་སྤེལ་ཐེངས་དང་པོ།

美友2448271

རྗེས་དྲན་ལྷ་དར་དཀར་པོ།

བཟོད་པ་འབྲུག་གྲགས།

སྐུ་ཡི་གཟི་བྱིན་མཚན་དཔེ་རྣམ་པར་བཀྲ།།

གསུང་གི་མཛད་འཕྲིན་སྐྱེ་དགུར་ཐར་ལམ་སྟོན།།

ཐུགས་ཀྱི་མཁྱེན་རབ་མུ་མཐའ་མེད་པ་ཡི།།

རྒྱ་འོབས་བླ་མའི་ཆེ་བའི་ཡོན་ཏན་དྲན།།

ཟླ་བྲལ་སངས་རྒྱས་བསྟན་འཛིན་དབང་རྒྱལ་གྱི།།

སྐུ་གསུང་ཐུགས་ཀྱི་ཡོན་ཏན་བརྗོད་དཀའ་མོད།།

མི་ཕྱེད་དད་པ་རྒྱ་མཚོས་ཉེེེར་བསྐུལ་ཏེ།།

མཚན་ལྡན་བླ་མ་རྗེས་སུ་དྲན་ཚུལ་གླེང་།།

བསྟན་པའི་སྲོལ་འཛིན་འཛམ་གླིང་གཙུག་གི་རྒྱན།།

རྒྱལ་བ་གཉིས་པའི་མདོ་སྔགས་བསྟན་པ་འཛིན།།

དབང་ལུང་མན་ངག་ཟབ་མོའི་གཏེར་གྱི་མཛོད།།

རྒྱལ་ཀུན་འདུས་ཞལ་བླ་མ་སྙིང་ནས་དྲན།།

མཁྱེན་པས་འཁོར་འདས་བོན་རྣམས་དངོས་སུ་གཟིགས།།

བརྩེ་བས་ལུས་ཅན་ཀུན་ལ་མ་ལྟར་བྱམས།།

ནུས་པས་སྣོད་ལྡན་སློབ་མར་ལམ་བཟང་སྟོན།།

ངེས་དོན་བསྟན་འཛིན་དབང་གི་རྒྱལ་པོ་དྲན།།

གདུལ་བྱ་རྟག་འཛིན་ཅན་གྱི་ངོ་བོ་ལ།།

མི་རྟག་ཚུལ་བསྟན་ཞིང་ཁམས་གཞན་དུ་བྱོན།།

རང་ཅག་འགྲོ་བའི་དད་པའི་རྟེན་མཆོག་ཏུ།།

སྐུ་གདུང་གྲུ་གང་ཙམ་ཞིག་བཞུགས་འདི་རྨད།།

སངས་རྒྱས་དངོས་དང་མཉམ་པའི་རྒྱལ་བའི་སྲས།།

ཐུགས་རྗེ་ཐབས་མཁས་སྐྱབས་མཆོག་བླ་མ་ཁྱེད།།

བརྩེ་ཆེན་སྙིང་རྗེ་ཕུང་པོའི་གཅིག་བསྡུས་པ།།

རྒྱ་འོབས་བླ་མ་བསྟན་འཛིན་དབང་རྒྱལ་མཁྱེན།།

རྗེས་དྲན་དད་པའི་མཆོད་སྤྲིན།

ཤེས་བྱ་རབ་གསལ།

མཁྱེན་པས་ཤེས་བྱའི་དེ་ཉིད་མ་ལུས་རྟོགས།།

བརྩེ་བས་འགྲོ་ཁམས་ཡོངས་ལ་མ་ལྟར་བྱམས།།

ནུས་པས་གཞན་དོན་ཁོ་ན་སྒྲུབ་པ་ཡི།།

རྒྱ་འོབས་བླ་མའི་སྐུ་གསུང་ཐུགས་ལ་འདུད།།

བསྟན་པའི་མངའ་བདག་གཤེན་རབ་མི་བོའི་སྲོལ།།

འཛིན་སྐྱོང་སྤེལ་གསུམ་བྱ་བའི་དོན་བཟང་ལ།།

དབང་དུ་འབྱོར་བ་རྒྱལ་བའི་རྒྱལ་ཚབ་རྗེ།།

རྒྱལ་ཀུན་འདུས་པའི་སྤྱི་གཟུགས་ཁྱེད་གཅིག་པུ།།

སངས་རྒྱས་མི་གཟུགས་སྤྲུལ་བའི་རྣམ་རོལ་བ།།

བསླབ་གསུམ་ངུར་སྨྲིག་འཛིན་པའི་བདག་ཉིད་མཆོག།

བཅུ་ཕྲག་རིག་པའི་གནས་ལ་མངའ་བརྙེས་ཤིང་།།

འགྲོ་འདུལ་ཐུགས་རྗེའི་མཛད་བཟང་བསམ་མཐའ་ཡས།།

ཁྱེད་ཉིད་སྐྱེ་འཆིར་རང་དབང་འབྱོར་ན་ཡང་།།

གདུལ་བྱ་རྟག་འཛིན་ཅན་གྱི་སྣང་ངོ་ལ།།

དགོངས་པ་བོན་དབྱིངས་བསྡུས་པའི་ཚུལ་བཞེས་ཏེ།།

བགྲང་བྱ་གསུམ་ཙམ་འདས་ལ་མྱ་ངན་ཞུ།།

གསོལ་བ་རྩེ་གཅིག་བཏབ་པའི་ནུས་མཐུ་ཡིས།།

ང་དང་ཁམས་གསུམ་འགྲོ་བ་ཡོངས་ཀྱི་མགོན།།

ཡང་སྤྲུལ་སྐྱ་རེངས་གསར་བས་སྣེ་དྲངས་ཏེ།།

འཁྲུལ་མེད་སྤྲུལ་སྐུའི་ཉི་མ་མྱུར་འཆར་ཤོག།

༧ རྒྱ་འོབས་རིན་པོ་ཆེ་སྐུ་གཤེགས་ནས་
ལོ་འཁོར་གསུམ་ལོན་པའི་
རྗེས་དྲན་དུ།

ཉག་བསྟན་འཛིན་ཚུལ་ཁྲིམས།

མདོ་སྨད་རྔ་ཡུལ་སྣང་ཞིག་དགོན་ཆེན་གྱི།།

སྙིགས་མའི་དུས་ཀྱི་འདྲེན་མཆོག་བླ་མ་རྗེ།།

གདུལ་བྱ་རྟག་འཛིན་ཅན་གྱི་སྣང་ངོ་རུ།།

མི་རྟག་ཚུལ་བསྟན་དགོངས་པ་བོན་དབྱིངས་གཤེཊ།།

འདུས་བྱས་མི་རྟག་སྒྱུ་མའི་བརྡ་ཐབས་སུ།།

གཟུགས་སྐུ་བོན་དབྱིངས་རེ་ཞིག་བསྡུས་ཚུལ་གྱིས།།

ལོ་ཡི་ཁྱུད་འཁོར་ཧྲིལ་བོ་གསུམ་འདས་པའི།།

སྐྱབས་གཅིག་སྣང་སྟོན་བླ་མ་རྗེས་དྲན་ཞུ།།

སྣང་སྟོན་བླ་མ་ཞིང་ཁམས་གཞན་ཕེབས་ཚེ།།

གདུལ་བྱའི་ཚོགས་རྣམས་མྱ་ངན་ཀློང་དུ་ལྷག།

སྐྱབས་གཅིག་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ།།

མཆོག་སྐུའི་གསེར་ཞལ་སླར་ཡང་མཇལ་བར་སྨོན།།

སྐུ་ཚེ་ཧྲིལ་བོར་གཞན་ཕན་འབའ་ཞིག་གཉེར།།

རྒྱལ་བསྟན་ཆེད་དུ་རླབས་ཆེན་མཛད་འཕྲིན་བསྐྱངས།།

གཤེན་བསྟན་གདུགས་དཀར་བླ་རུ་འདེཊ་མཛད་པའི།།

ངེས་དོན་སྙིགས་དུས་འདྲེན་མཆོག་བླ་མར་བསྔགས།།

གསང་གསུམ་ཡོན་ཏན་མ་ལུས་གཅིག་ཏུ་བསྡུས།།

དོན་གཉིས་ལྷུན་གྱིས་གྲུབ་པའི་རྒྱལ་སར་བསྙེགས།།

བཀའ་དྲིན་མཚུངས་མེད་སྐྱབས་གཅིག་བླ་མ་རྗེ།།

རྒྱ་འོབས་བླ་མར་ནམ་ཡང་རྗེས་དྲན་ཞུ།།