ནད་བརྒྱ་སྨན་གཅིག

美友10007444

༄༅། །རྒྱ་གར་གྱི་ཡོ་ག་རླུང་སྦྱོར་ལུས་ཁམས་བདེ་སྦྱིན་ཞེས་བྱ་བའི་ཟིན་བྲིས་ཨ་རུ་རྣམ་རྒྱལ་བཞུགས་སོ།།
—————ཨ་ཀར་ཤེས།

དད་སེམས་གཙང་མས་གསོལ་བ་འདེབས་ནུས་ན༎
འཇིག་དང་སྡུག་བསྔལ་ཀུན་ལས་སྐྱོབས་པ་དང་༎
མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ་བའི་མགོན༎
ཚེ་ལྷ་རྣམ་གསུམ་སྙིང་གི་དཀྱིལ་དུ་འདུད༎

སྒོར་དང་སྨན་གྱིས་རིམ་གྲོ་སྒྲུབ་པ་དང་༎
གཏར་སྲེག་ཕུག་པའི་སྡུག་བསྔལ་མི་དགོས་པ༎
འབྱུང་ཁམས་འཁྲུཊ་ལས་བྱུང་བའི་ནད་རིཊ་ཀུན༎
སེལ་བྱེད་རླུང་གི་སྦྱོར་བ་འདིར་བཤད་བྱ༎

རླུང་སྦྱོར་བདུན་པོ་གང་གི་སྐབས་སུ་ཡིན་ན། ཐོག་མར་རང་ལུས། རྣལ་འབྱོར་གྱི་འདུག་སྟངས་སུ་བདེ་བར་འཁོད་ལ་མིག་གཉིས་བཙུམས་ཏེ་ཨོཾ་ཡིད་བཟླས་བྱ། དེ་ལྟར་མ་རེད་ན་ཡང་པདྨ་ཕྱེད་དཀྱིལ་སོཊ་འདུག་ལུས་དྲང་པོར་བྱེད་ནས་མིག་གཉིས་དང་། སྣ་བུག་གཉིས། ཁ་དང་འོག་སྒོ་རྣམས་ལེགས་པར་བཙུམས་དགོས། རླུང་སྦྱོར་རྣམས་ཞོགས་པ་ལྟོ་སྟོངས་ཀྱི་དུས་སུ་དྲོ་གྲང་སྙོམས་པའི་ཆུ་ཁོལ་མ་ཕོར་པ་དོ་ཙམ་བཏུང་ནས་སྐ་རགས་སོགས་མེད་པ་གོས་ལྷོད་ལ་སྲབ་བ་གོན་ནས་ཉིན་བཞིན་དུ་དུས་ཚོད་གཅིག་ལ་ཁེལ་ན་བཟང་། མོས་པར་ཡོད་ན་རླུང་ནང་དུ་རྔུབ་པ་དང་ལྷན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་བྱམས་པ་དང་སྙིང་རྗེ་རྣམས་ཟླ་ཟེར་གྱི་རྣམ་པར་དཀར་ལམ་གྱིས་རྔུབ་པ་མོས། མར་གཏོང་བ་དང་ལྷན་དུ་ནད་གདོན་སྡིག་སྒྲིབ་དེ་དག་དུད་ཁུ་སོལ་ཁུ་ཡི་རྣམ་པར་ནག་ཉིལ་ཉིལ་དུ་ཕྱིར་དོན་པར་དམིགས། གཞན་ཡང་མོས་པ་ཡོད་ན་བྱང་ཆུབ་སེམས་ཀྱི་ཉམས་ལེན་དང་འབྲེལ་ནས་རླུང་ནང་དུ་རྔུབ་པ་དང་སེམས་ཅན་ཀུན་ཀྱི་སྡིག་སྒྲིབ་ཉེས་ལྟུང་གི་ཚོགས་རྣམས་རླུང་དང་མཉམ་དུ་ཡར་རྔུབ་པས་འགྲོ་བ་ཀུན་ཉེས་པ་ལས་གྲོལ་བར་བསམ། དེ་ནས་རླུང་ཕྱིར་གཏོང་བ་དང་དཀར་པོ་དགེ་བའི་ཆོས་ཀུན་རླུང་དང་མཉམ་དུ་སེམས་ཅན་ཀུན་ལ་ཕོག་པས་འགྲོ་བ་ཀུན་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་བསམ།

༼རླུང་གི་སྦྱོར་བ་དང་པོ། བྷསྟྲིཀཱཔྲནཱཡཱམཱ།༽
(ལུས་གནད།) ལུས་དྲང་པོར་བྱ། ལག་གཉིས་ཀྱི་རང་རང་གི་མཐེ་མོ་དང་མཛུབ་མོ་རྩེ་གཏུགས་ཏེ་ཨ་ལོང་ལྟར་བྱ། སོར་མོ་གཞན་རྣམས་དྲང་པོར་རྐྱོང་ནས་པུས་མོ་གཡས་གཡོན་སྟེང་དུ་གན་རྐྱལ་དུ་འཇོག དེ་ནས་དབུགས་(རྔུབ་གཏོང་)ནི། མཁའ་རླུང་སྣ་བུག་གཉིས་ནས་གློ་བའི་ནང་དུ་ཤུཊ་གང་ཡོད་ཀྱིས་རིང་དུ་རྔུབ། དེ་བཞིན་དུ་ཕྱིར་གཏོང་། འདི་ལ་མགྱོགས་དལ་གསུམ། (དུས་ཡུན།) དེ་ལྟ་རེས་མོས་སྐར་མ་གཉིས་ནས་ལྔ་བར། (ཕན་ཡོན།) དབུགས་ཐག་ཐུང་བ་དང་། ས་མཐོའི་ནད། ཁོག་སྟོད་ན་བ། སྙིང་ཁྲག་འཁོར་བསྐྱོད་མི་བདེ་བ། ཆམ་ནད། ཁྱད་པར་གློ་བ་དང་འབྲེལ་བའི་ནད་ཀུན་དང་ལུས་ཁམས་སྤྱི་ལ་ཕན། (དགག་བྱ།) སྙིང་གི་ན་ཚ་ཡོད་པ་དང་ཁྲག་ཤེད་མཐོ་བ་གློ་བ་དང་སྙིང་གི་ནུས་སྟོབས་ཞན་པ་རྣམས་ཀྱིས་གཟབ་དགོས་སོ།།

༼རླུང་སྦྱོང་གཉིས་པ། ཀཔཱལབྷཏིཡཱམཱ།༽
(ལུས་གནད།) གོང་དང་འདྲ། (རྔུབ་གཏོང་།) རྒྱུན་ལྡན་ལྟར་ཕྱི་རླུང་ནང་དུ་རྔུབ། དེ་ནས་ཤུགས་གང་ཡོད་ཀྱིས་ལྟོ་བ་ནང་ལ་འཁུམ་ནས་དབུགས་ཕྱིར་གཏོང་དགོས། (དུས་ཡུན།) དེ་ལྟ་རེས་མོས་སྐར་མ་ལྔ་ནས་སུམ་ཅུའི་བར། (ཕན་ཡོན།) གཅིན་སྙི་ནད་དང་། མཁལ་མའི་ནད། གཅིན་ལྒང་གི་ནད། མཚེར་པའི་ནད། མཆིན་ནད། གྲང་གཞིའི་ནད། སྲིན་ནད། གློ་ནད། ཀླད་ནད། སྐྲན་ནད་རིགས། ཤ་རྒྱཊ་པ། གྲོད་ཁོག་སྦོས་པ། ཟས་མི་འཇུ་བའི་ནད་སོགས་མདོར་ན་དོན་སྣོད་དང་འབྲེལ་བའི་ནད་ཀུན་སེལ་ཞིང་གཞོན་ཤར་ཆགས་ཏེ་མདངས་དང་ལྡན་པར་འགྱུར་ལ་རླུང་དང་འབྲེལ་བའི་ལུས་ཁམས་སྤྱི་ལ་ཕན། (དགག་བྱ།) ཚ་བ་ལ་འཛེམ་དགོས་པའི་ན་ཚ་སྐབས་སྐར་གཉིས་ལས་ལྷག་དང་། ཁྱད་པར་མངལ་ཆགས་དང་ཟླ་མཚན་འབབ་པའི་སྐབས་གཏན་ནས་བྱེད་མི་རུང་ངོ་།།

༼རླུང་སྦྱོ་གསུམ་པ། བཱཧྱ།པྲནཱཡཱམཱ།༽
(ལུས་གནད།) སྔ་དང་འདྲ། (རྔུབ་གཏོང་།) རླུང་སྦྱོར་གཉིས་པའི་མཇུག་ཏུ་རིང་པོ་ཞིག་རྔུབ་ནས་ཤུགས་གང་ཡོད་ཀྱིས་ལྟེ་བ་ནས་རིམ་བཞིན་ཕྱིར་གཏོང་ནས་གང་རིང་རིང་དུ་དེ་ལུགས་གནས། དེ་ནས་དེ་ལས་བཟློག་སྟེ་རིམ་བཞིན་མགྲིན་པ་ནས་དབུགས་གློད་ནས་རྒྱུན་ལྡན་ལྟར་དབུགས་གཏོང་ལེན་ངང་བཞག (ཕན་ཡོན།) ཕོ་བའི་འཇུ་སྟོབས་འཕེལ། ཕོ་ཁའི་སྐྲན་ནད་འཇོམས། མཆིན་ནད་དང་མཁལ་མའི་ནད་སྔོན་འགོག་བྱེད། ལུས་ཀྱི་དྭངས་སྙིག་འབྱེད་ཤེས་རིག་གསལ། (དུས་ཡུན།) ཉིན་རེ་ཐེང་གསུམ་དང་བཞིའི་བར་རོ།།

༼རླུང་སྦྱོར་བཞི་པ། ཨནུལོམདུང། བོལོམ།པྲནཱཡཱམཱ།༽
(ལུས་གནད།) ལུས་དྲང་པོར་བྱ། ལག་གཡོན་སྔ་བཞིན་པུས་མོ་གཡོན་དུ་འཇོག ལག་གཡས་ཀྱི་མཐེ་མོའི་འོག་ཏུ་མཛུབ་མོ་ཅུང་ཟད་བཀུག་ནས་ཨ་ལོང་ལྟར་བྱ། (རྔུབ་གཏོང་།) ཐོག་མར་མཐེ་བོང་གཡས་པས་སྣ་བུག་གཡས་པ་བཀག་སྟེ་གཡོན་པ་ནས་གློ་བའི་ནང་དུ་ཕྱི་རླུང་གང་རིང་རིང་དུ་ཡར་རྔུབ། དེ་ནས་སྲིན་མཛུབ་གྱིས་སྣ་བུག་གཡོན་མ་བཀག་སྟེ་གཡས་པ་ནས་ཕྱིར་གཏོང་། ཡང་དེ་ནས་ཡར་རྔུབ་ཏེ་གཡོན་མ་ནས་གཏོང་ངོ་།། (དུས་ཡུན།) དེ་ལྟར་རེས་མོས་སྐར་མ་གསུམ་ནས་བཅོ་ལྔའི་བར། (དགག་བྱ།) ཚ་དྲོད་ཆེ་སྐབས་སྐར་ལྔ་ལས་རིང་མི་བྱ། (ཕན་ཡོན།) གྲིབ་ནད་དང་། མགོ་ནད་མིག་ནད་རླུང་ནད་དག་ལ་ཕན། རྩ་གཙང་མར་བྱེད། ལུས་སྟོབས་རྒྱས་ཤིང་མདངས་གསལ་རུས་ཚིགས་དང་གྲུམ་བུའི་ནད་དང་སྲིན་ནད་རིགས་ཀུན་དང་། ཁྱད་པར་དུ་ཡ་མའི་ནད་དང་ཕོ་མོའི་དབང་པོ་དང་འབྲེལ་བའི་ནད་ཀུན་ལ་ཕན། མ་ཟད་ཀུནྡ་དབུ་མའི་ནང་དུ་རྒྱུ་མགོ་རྩོམ། རིག་གནས་སྦྱོང་མཁན་དང་སྒོམ་རྒྱག་མཁན་རྣམས་ཀྱིས་བརྩོན་པར་བྱས་ན། རིག་པ་དྭངས་ཤིང་སྒོམ་ཚུཊ་ཐུབ་བོ༎

༼རླུང་སྦྱོར་ལྔ་པ། ནཱདིཤོདྷན། པྲནཱཡཱམཱ།༽
(ལུས་གནད།) དང་པོའི་སྐབས་དང་མཚུངས། (རྔུབ་གཏོང་།) མགྲིན་པ་ནས་མགྲིན་པའི་སྒྲ་དང་བཅས་ལན་གསུམ་བརྔུབས་པའི་རྗེས་མར་རིང་དུ་རྔུབ་ནས་གང་ཐུབ་ཐུབ་ཀྱིས་ལྟོ་བའི་ནང་དུ་བཟུང་སྟེ་རྒྱུན་གང་རིང་དུ་གནས། དེ་ནས་གཡས་པའི་མཐེ་མོས་སྣ་བུག་གཡས་པ་བཀག་སྟེ་གཡོན་མ་ནས་དལ་བུས་ཕྱིར་གཏོང་ནས་གློ་བ་སྟོང་པར་བཞག་སྟེ་ཡུད་ཙམ་བསྡད་། (ཕན་ཡོན།) བད་ཀན་གྲེ་ཐོགས་སོགས་མགྲིན་པའི་ནད་ཀུན་སེལ་བར་བྱེད་དོ༎

༼རླུང་སྦྱོར་དྲུག་པ། བྷརམཱརི། པྲནཱཡཱམཱ།༽
(ལུས་གནད།) མཐེ་བོང་གཉིས་ཀྱིས་རྣ་བའི་བུ་ག་གཉིས་དགག་མཛུབ་མོ་གཉིས་ཀྱིས་ཐོད་པ་ཅུང་ཟད་མནན་གཞན་གྱིས་མིག་ལེགས་པར་དགག (རྔུབ་གཏོང་།) དེ་ནས་སྣ་བུག་གཉིས་ནས་རླུང་རྔུབ་ནས་ཨོཾ་ཡིད་ལ་སྒོམ་བཞིན་སྦྲང་མའི་སྐད་གདངས་ལྟར་དལ་བུས་ཕྱིར་གཏོང་དགོས། (དུས་ཡུན།) ལན་གསུམ་དང་ཉེར་གཅིག་བར། (ཕན་ཡོན།) ཁྲག་ཤེད་མཐོ་བ་དང་སྙིང་ནད་སེལ་སེམས་ཤུགས་རྒྱས་སྤྲོ་བ་འཕེལ་ལོ།།

༼རླུང་སྦྱོར་བདུན་པ་བྱིན་འབེབ། ཨོཾཀར་ཇབཱ། ༽
(ལུས་གནད།) ལུས་དྲང་པོར་བྱ། ལག་གཉིས་མཉམ་བཞག་དང་བཅས། (རྔུབ་གཏོང་།) རླུང་སྦྱོར་སྔ་མ་དྲུག་ཟིན་རྗེས་སུ་སངས་རྒྱས་དང་བྱང་ཆུབ་སེམས་པའི་བྱིན་རླབས་མ་ལུས་པ་རང་ལ་ཐིམ་པའི་དམིགས་པར་བྱེད་ཀྱིན་ཨོཾ་ཡིད་ཟླས་དང་བཅས་དལ་བུས་རིམ་བཞིན་མཐར་རླུང་འགྲོ་འོང་ཡང་ཚོར་དཀའ་བའི་ངང་དུ་གནས། (ཕན་ཡོན།) ཉལ་ཁ་བྱས་ན་གཉིད་བདེ་བ་དང་རྨི་ལམ་མི་འཁྲུག་པ་སོགས་ཕན་ཡོན་ཆེའོ།།
མཇུག་ཏུ་ལག་མཐིལ་གཉིས་ཤུགས་ཀྱིས་སྦྱར་ནས་ཚ་མོ་མ་རེད་བར་དུ་འཕུར། དེ་ནས་ལག་མཐིལ་གཉིས་མིག་གཉིས་ལ་སྦྱར་ཏེ་མ་གྲང་བར་དུ་བཞག་ན་མིག་གསལ་བ་སོགས་ལ་ཕན། (དུས་ཡུན།) ཚར་གསུམ་ནས་བདུན་བར་བྱའོ༎

སྔོན་བསགས་ལས་ངན་བྱས་པའི་རྣམ་སྨིན་དང་༎
འཕྲལ་བྱུང་འབྱུང་ཁམས་འཁྲུཊ་པའི་རྒྱུ་རྐྱེན་གྱིས༎
ཚ་གྲང་ནད་ཀྱིས་མནར་བའི་འགྲོ་བ་ཀུན༎
འདི་ཕྱི་ཀུན་ཏུ་ནད་མེད་བདེ་བར་སྨོན༎
དགེའོ༎ དགེའོ༎

རྒྱ་གར་གྱི་ཡོ་ག་རླུང་སྦྱོར་ལུས་ཁམས་བདེ་སྦྱིན་ཞེས་བྱ་བའི་ཟིན་བྲིས་ཨ་རུ་རྣམ་རྒྱལ་ཞེས་བྱ་བ་འདི་ནི་ཨ་ཀར་ཤེས་ཀྱིས་རང་གི་ཡིད་ལ་མི་བརྗེད་པའི་ཟིན་ཐོ་དང་གཞན་གྱི་ལུས་ཁམས་བདེ་བའི་རྒྱུ་རུ་དམིགས་ནས་རབ་བྱུང་བཅུ་བདུན་པའི་ཤིང་ལུག་ལོའི་མཆུ་ཟླའི་དཀར་ཕྱོགས་རྒྱལ་བ་དང་པོ་ནས་བྲིས་སོ༎ ༢༠༡༥•༤•༢༡