ཁོར་ཡུག་གངས་ཀྱི་རི་བོས་མཐའ་ནས་བསྐོར།།

དྭངས་གསལ་གངས་ཆུ་སྔོན་མོ་མདུན་དུ་འབབ།།

ལྗོན་ཤིང་མེ་ཏོག་དཀར་དམར་སྣ་ཚོགས་བཞད།།

ཁ་བའི་ལྗོངས་ཀྱི་ཡུལ་གྲུ་འདི་དག་མཛེས།།

ནམ་མཁའ་དྭངས་ལ་སྤྲིན་དཀར་ལོང་ལོང་རྒྱུ།།

ས་གཞི་སྔོ་ལ་རླུང་བུ་བསིལ་གྱིས་གཡོ།།

ཆར་ཆུ་སྙོམ་ལ་ལོ་ཕྱུགས་རྟག་ཏུ་ལེགས།།

བསིལ་ལྡན་ལྗོངས་ཀྱི་ཡུལ་གྲུ་འདི་ཀུན་མཛེས།།