我的美篇(副本)

美友9374521

སྐུ་ཡི་འཁྲུངས་མཆོད་བསུ། རང་དོན་ཐོས་བསམ་སྒོམ་གྱི་ལ་ཆེན་ཟླས།། གཞན་དོན་འཆད་རྩོད་རྩོམ་པས་གདུལ་བྱ་བསྐྱངས།། གཉིས་དོན་མཁས་བཙུན་བཟང་པོས་བསྟན་སྲོག་བཟུང་།། མཉམ་མེད་བླ་མའི་ཕྱག་རྗེས་སྲིད་འདིར་མཛེས།། རྩོམ་པ་པོ། ལྗང་ཤེར་བསྟན་ནམ་བྱ་མ་རྟ། ས་ཆེན་གངས་རིའི་ཡོངས་རྩེ་ནས།། འགྱིང་པའི་སེང་ཆེན་སྟོབས་ལྡན་ཏེ།། མདོ་སྔགས་རྫོགས་གསུམ་བོན་སྡེ་རྣམས།། ཐམས་བཅད་མཁྱེན་པའི་སྨན་རི་བ།། རྒྱལ་བ་གཉིས་པ་ཁྱེད་ཕྱག་འཚལ།། རྩོམ་པ་པོ། ཁྱུང་སེར་དུང་ཟླ། གྱེར་གཤེན་གྱི་བསྟན་པའི་སྐར་ཆེན།། ལུང་རིག་གི་ཟླ་བ་དཀར་པོ།། བཤད་སྒྲུབ་ཀྱི་ཉི་མ་སེར་པོ། མཉམ་མེད་པའི་འཁྲུངས་སྐར་བསུ་འགྲོ། རྩོམ་པ་པོ། ལྡོང་ཚུལ་བསྟན། རིགས་གཞུང་བཅུད་ཀྱི་སྒོ་འཕར་ཡངས་པོར་ཕྱེས།། སྐལ་ལྡན་བུང་བའི་བློ་རྨོངས་རབ་ཏུ་བཏུལ། ། ས་ཆེན་འཛིན་མའི་ལྟོ་བར་རབ་འགེང་བའི།། བསྟན་པའི་བདག་ཉིད་མཆོག་གི་འཁྲུངས་སྐར་བསུ། ། རྩོམ་པ་པོ། གཟི་ཁྲ་རིལ། བཅུ་རིག་སྨྲ་བའི་དབང་པོ་མཉམ་མེད་པས།། སྐལ་ལྡན་བྱེ་བའི་ཡིད་ཀྱི་སྐྱིད་དཔལ་དུ།། འཆད་རྩོད་རྩོམ་པའི་ལེགས་བྱས་རྨད་པོ་ཆེ།། གཡུང་དྲུང་བསྟན་ལ་བསྐྱངས་བའི་མཛད་པ་ཟབ།། རྩོམ་པ་པོ། ཁྲ་ཟི་འཁྱུག རྗེ་བཙུན་མཉམ་མེད་བླ་མ་ཡི།། སྐུ་མཆོག་སྐྱེ་བ་མིར་བཞེས་ཤིང་།། འགྲན་མེད་རིག་པའི་བང་རྩལ་གྱིས།། ཡོངས་རྫོགས་བསྟན་པའི་ཐང་རྒལ་ཏེ།། བོན་བསྟན་ནུབ་མེད་སྲིད་རྩེར་བསྒྲེང་།། རྩོམ་པ་པོ། འཕྲུལ་མྱུར། ཨ་སྔོན་གྱི་སྤྲིན་པའི་མཐའ་ནས་འགྱིང་པའི་ཐང་དཀར།། འཛམ་གླིང་གི་གོ་ལའི་ཁྱོན་དུ་གྲགས་པའི་གཡུ་འབྲུག། དད་འདུན་དང་སྨོན་ལམ་ཡོད་ཚད་བཅོལ་སའི་བླ་ཆེན།། ཁྱེད་ཉིད་ཀྱི་འཁྲུངས་སྐར་དུས་བཟང་འདིར་བསུའོ།། རྩོམ་པ་པོ། བཙན་ཞགས་ཀྱིས། དུས་མཚུངས་ཉི་མ་སེར་པོ་མ་ནུབ་བྱས།། རིག་པའི་གད་རྒྱངས་སྒྲོག་པའི་ཕ་ཡིག་སྒྲོན།། འདང་ཆེན་བཙན་པས་འཇིག་རྟེན་བསྒུལ་བར་བཏང་།། གཞན་རྒྱུད་ལྷོད་པར་གཏོང་བའི་མཉམ་མེད་བསྟོད།། རྩོམ་པ་པོ། བསྟན་འཛིན་ཡོན་ཏན། གཤེན་བསྟན་ས་འཛིན་དཀར་པོའི་ཁོངས་གསེང་ནས།། རྣམ་དཔྱོད་ཤེས་རབ་རྣོན་པོའི་གད་རྒྱངས་ཀྱིས།། མ་རིག་ཀླད་པ་འགེམས་པའི་གདོང་ལྔ་ཅན།། སྤྱན་གཅིག་པ་ཞེས་སྲིད་པ་གསུམ་ན་ལྡིར།། རྩོམ་པ་པོ། ལྡོང་གཡུང་དྲུང་། <=======================> ལས་འཛིན་པ། ལྡོང་གཡུང་དྲུང་། འཕྲིན་ཕྲན་འབྲེལ་ཨང་། ༡༨༧༠༨༠༨༧༤༣༩ <•••••••••••••••••••••••••••••••••••••••>