མེ་སྲས།

ས་ཆེན་གྱི་པང་ནས་འཇིགས་སྣང་གི་གཡོར་གྲུ་ལ་བརྒོལ་ཚེ།
ཁྱོད་རང་ཆེས་ཐག་ཉེ་བའི་མི་བུ་ཚོར་གདོང་ལེན་ཅི་ལྟར་བྱ།
ལར་ན་ཁྱོད་ཀྱི་དྭངས་གཙང་གི་མཚོན་ཐབས་རིང་ལུགས་ལ་སུ་ཞིག་གིས་རམ་འདེགས་བྱེད་ངེས་ཡིན།

འཁོར་བ་ནི་སྐྱོ་སྣང་གི་ཁྲག་དྲི་ཐུལ་ས་ཞིག་ཡིན་སྟབས།
ཁྱོད་ཀྱིས་མཐོང་ན་མི་འདོད་པའི་བྱ་དངོས་ཡོད་ཚད་སུ་ཞིག་གིས་བཀོད་སྒྲིག་ཇི་བཞིན་ཁྱོད་ཀྱི་མཐོང་ལམ་དུ་ཡོངས་སུ་བཤམ་ངེས།
དེ་དུས་སྒྱུ་རྩལ་གྱི་ཁ་རླངས་ལ་གཡའ་ཆགས་ཤིང་དད་མོས་ཀྱི་དུར་སྒྲོམ་ཡང་གས་ཆག་གི་རི་མོ་འབུར་དུ་དོད།

རོལ་དབྱངས་ཀྱི་སྟངས་སྟབས་ལ་རྒྱུས་པའི་ཁྱོད་ཀྱི་ལང་ཚོ།
སུ་ཞིག་གི་ཧབ་སྒྲ་དང་སྟོང་འདང་གི་ན་བཟའ་ཡིན།

བེ དགུན་ཁ་ཚར་ལ་ཉེ།

ཁྱོད་ཀྱིས་དུས་བཞིའི་འགྱུར་བག་ཁྲོད་ཀྱི་རང་ཉིད་བཙལ་མྱོང་ངམ།

ཏག་ཏག་ང་ལ་དྲི་བ་འདི་དག་བཏོན་བྱུང་།