བུད་མེད་ཀྱི་ལོ་ཚོད་ཀྱིས་བྱིས་པ་སྐྱེས་པར་ཤུགས་རྐྱེན

美友7713337

<h3><span style="color: rgb(237, 35, 8);">སྤྱིར་བུད་མེད་ལོ་སུམ་ཅུའི་ཡན་ལ་བུད་ཚེ་བྱིས་པ་སྐྱེས་པའི་ནུས་པ་རིམ་གྱིས་ཇེ་ཞན་དུ་འགྱུར་འགྲོ། ལོ་སོ་ལྔའི་ཡན་དུ་བུད་པའི་བུད་མེད་དེ་ལོ་གཞོན་བུད་མེད་དང་བསྡུར་ན་མངལ་ཆགས་དཀའ། ལོ་སོ་ལྔ་ནས་སོ་དགུའི་བར་གྱི་བུད་མེད་ཀྱི་བྱིས་པ་སྐྱེས་པའི་ནུས་པ་དེ་ལོ་ཉི་ཤུ་ནས་ཉེར་དགུའི་བར་གྱི་ལོ་གཞོན་བུད་མེད་དང་བསྡུར་ན་བརྒྱ་ཆའི་ཉེར་ལྔས་མར་བབས་ཡོད། ལོ་བཞི་བཅུ་ནས་ཞེ་ལྔའི་བར་གྱི་བུད་མེད་ཀྱི་སྐྱེས་འཕེལ་ནུས་པ་དེ་བརྒྱ་ཆའི་གོ་ལྔས་མར་བབ་ཡོད། ལོ་ཇེ་ཆེར་གྱུར་པ་དང་བསྟུན་ནས་སྐྱེ་འཕེལ་ནུས་པ་ཇེ་ཞན་དུ་གྱུར་བའི་རྒྱུ་རྐྱེན་ནི་བསམ་བསེ་ནུས་པ་ཞན་པའམ་བུ་སྣོད་ནང་སྐྱི་ལ་གཉན་ཚད་རྒྱས་པ་སོགས་རེད། གལ་ཏེ་མངལ་སྦྲུམ་པར་གྲ་སྒྲིག་བྱས་ནས་ཟླ་དྲུག་འགོར་རུང་ད་དུང་མངལ་མ་ཆགས་ཚེ། སྨན་ཁང་དུ་སོང་ནས་དེའི་རྒྱུ་རྐྱེན་ལ་བརྟག་དཔྱད་བྱེད་དགོས། མངལ་མི་ཆགས་པའི་བུད་མེད་མང་ཆེ་བ་ཞིག་གིས་སྨན་པར་བསྟེན་ནས་སྨན་བཅོས་བྱས་ན་མངལ་ཆགས་ཐུབ་པ་ཡིན། སོ་ལྔའི་ཡན་གྱི་བུད་མེད་ཀྱིས་མངལ་སྦྲུམ་པར་ཅུང་དཀའ་མོད། འོན་ཀྱང་བྱིས་པ་མཚེ་མ་སྐྱེས་པའི་གནས་ཚུལ་འབྱུང་ཚད་ཅུང་མཐོ། སྤྱིར་བྱིས་པ་མཚེ་མ་སྐྱེས་སྲིད་པའི་ལོ་ཚོད་ཡིན་ན་ལོ་སོ་ལྔ་ནས་སོ་དགུའི་བར་ཡིན་ལ། ལོ་སོ་དགུའི་ཡན་དུ་བུད་པའི་བུད་མེད་ལ་མཚེ་མ་སྐྱ</span></h3>