གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་ཆེན་མོ་གྱི་ལིང་འཇིགས་མེད་ལགས་ལ་གུས་པས་འདུད།།

མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོའམ་འབུམ་རམས་པ་ཕྱི་མ། ད་ལྟའི་རང་གི་བོད་ཡིག་དགེ་རྒན་སྐྱ་ཙ་ཡོན་ཏན་རྒྱ་མཚོ་ཁོང་ལ་གུས་པས་འདུད།།

དམའ་འབྲིང་སྐབས་ཀྱི་དགེ་རྒན་དམ་པ་ཁོ་ལེ་ལགས་ལ་བཀའ་དྲིན་སྙིང་ནས་ཞུ།།

ཟི་ལིང་གི་ཇ་ཁང་ཞིག་ནས་རང་གི་ཨ་མར་འཕྲད་འདྲའི་ཚོར་བ་གནང་མཁན་གྱི་དགེ་རྒན་མཁའ་མོ་རྒྱལ་ལགས་ལ་སྐུ་གཟུགས་བདེ་ཐང་ཡོང་བའི་སྨོན་འདུན་ཞུ།།

མཚོ་སྔོན་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཁྲི་བཀྲ་རྒྱམ་ལགས་ཀྱི་ལོ་གསར་བའི་ཁ་གཡང་གི་ལྷ་དར་གཙང་མ་སེམས་སུ་འབྱོར་ཡོད། སྐུ་དྲིན་ཆེ།

མཐོ་འབྲིང་གི་ལོ་གཅིག་ལ་མཉམ་དུ་སློབ་སྦྱོང་བྱས་ཏེ་སློབ་གྲོགས་བཟང་པོར་གྱུར་བའི་འབུམ་སྐྱབས་རྒྱལ་ཏུ་འབོད་པ་ཁོ་ལ་སྙིང་ནས་བརྩེ།།

སློབ་ཆེན་གྱི་འཚོ་བའི་ཁྲོད་ནས་ངོ་ཤེས་སུ་གྱུར་བའི་གྲོགས་པོ་གཙན་ཚ་བ་ཁོ་ལ་ཐུགས་རྗེ་ཆེ་ཞུ།།

ཁོའི་དངོས་མིང་མི་ཤེས། དྲྭ་བའི་སྒང་གི་གྲོགས་པོ་བཟང་བོར་བརྩིས་ཡོད།

ཤ་ཡི་དེད་ན་དམར་ས་དང་རུས་པ་དེད་ན་དཀར་ས་ཡིན་པའི་ནུ་མོ་བཀྲ་ཤིས་འཚོ་ལ་སྙིང་ནས་དགའ།།

ཁོ་བོའི་མིང་ལ་འབའ་ཁུ་ལོ་རུ་འབོད།མཐོ་འབྲིང་གི་འཚོ་བའི་ཁྲོད་ནས་ངོ་ཤེས་སུ་གྱུར། ད་ལྟ་ད་དུང་གྲོགས་པོ་བཟང་བོར་བརྩིས་ཡོད། མ་འོངས་པར་མུ་མཐུད་དུ་བརྩི་ངེས།།

སློབ་ཆེན་གྱི་འཚོ་བའི་ཁྲོད་ནས་ངོ་ཤེས་སུ་གྱུར། ཁོ་བོའི་བྲིས་ལེགས་པས་མིའི་ཡིད་ཀྱི་སྨོན་པ་འཕྲོག་འགྲོ མ་འོངས་པར་མུ་མཐུད་དུ་ཇེ་ལེགས་ནས་ཇེ་ལེགས་སུ་འགྲོ་བར་སྨོན།།

ཁོ་བོ་ངོ་ཤེས་ནས་མི་ལོ་བཅུ་ལྷག་འགོར་ཡོད།ཁྱོད་རང་སྐྱིད་དགོས། བདེ་དགོས།

དམའ་འབྲིང་གི་དུས་ཀྱི་སློབ་གྲོགས་ཁོ་མོར་སྙིང་ནས་བརྩེ།།

ཐེམ་རྫོང་ནས་ཡིན་པའི་གསར་བུ་འདི་ངོ་ཤེས་ནས་ཅང་འགོར་མེད་མོད། ཁོ་ནི་ཕུགས་བསམ་ཡངས་པའི་གྲོགས་པོ་ཞིག་ཡིན། མ་འོངས་པའི་ལམ་ཁར་ང་ཚོས་མཉམ་དུ་དཔུང་གཤིབ་ནས་འགྲོ།།