རིག་པའི་མཚོ་མོ་ལྟེམ་ལྟེམ།།

བློ་རིག་གློག་ལྟར་འཁྱུག་འཁྱུག།

མཛའ་མོ་སྙིང་ལ་རྗེ་བོ།།

ཤེས་བྱའི་ཚལ་ན་ཡོད་རེད།།

གདོང་ན་འཛུམ་མདངས་ཤིག་ཤིག།

ཞལ་ན་སྙིང་གཏམ་ཤུར་ཤུར།།

མཛའ་མོ་སྙིང་ལ་རྗེ་བོ།།

མཛའ་ཞེ་ཀློང་ན་ཡོད་རེད།།

ཁ་བ་མར་ལ་ལྷབ་ལྷུབ།།

ལྷགས་པ་རྒྱང་ལ་ཤིག་ཤིག།

མཛའ་མོ་སྙིང་ལ་རྗེ་བོ།།

དྲན་པའི་གསེབ་ན་ཡོད་རེད།།

གང་སར་ཁྱོད་རང་མཛེས་མཛེས།།

གང་ནས་ཁྱོད་ལ་དུང་དུང་།།

མཛའ་མོ་སྙིང་ལ་རྗེ་བོ།།

སེམས་པའི་དཀྱིལ་ན་ཡོད་རེད།།

༢༠༡༧/༡/༡ འགར་གངས་བུས།

སྙིང་སྡུག་སེམས་ཀྱི་དཔྱིད་ཀར་ཕུལ།