我的美篇

Knam Gyal

བུ་མོའི་བློ་ཕུག

ལིས་གཡང

ང་ཁྱོད་ཀྱི་སྐྱེས་ལུས་གཉིས་ལ་སྐྲག་གི

གཅིག་ནི་ཟླ་ཟེར་ཁྲོད་མོག་པོར་གྱུར་ཚར

གཅིག་ནི་ཟླ་འོད་འོག་ཕྱི་གསལ་ནང་གསལ

ང་ཁྱོད་ཀྱི་སྒེག་ཉམས་གཉིས་ལ་སྐྲག་གི

གཅིག་ནི་ཁམ་བུའི་དགྱེས་འཛུམ་རྒྱ་ལྕང་ཚུལ

གཅིག་ནི་བྲང་གཞུང་མནར་བའི་སྐྱོ་མུག

མཛེས་མ་ཞིས་ཧྲིས་དང་ཡང་འདྲ

ངས་འདི་དག་གསལ་བར་འབྱེད་པར་སྐྲག་གི

ཆུ་ནང་གི་སྤྲིན་ཡོང་ན

རི་ཁྲོད་ཀྱི་སྤྲིན་བཞུད་འགྲོ

འོན་ཏེ གང་ཞིག་ནི་ཁྱོད་ཡིན་ནམ

རྨི་ལམ་ཁྲོད་ཀྱི་གྲིབ་གཟུགས་ཅི་ཙམ་བརྒྱུད་ན

ད་གཟོད་ཚུར་ངོགས་ཀྱི་མེ་ཏོག་དེ

ལམ་འཕྲད་ཀྱི་པདྨོ་ཡིན་པ་མཐོང

འདི་ན་སྟོང་ལྷིང་ངེར

དེ་ན་དགའ་སྐྱིད་ལེར

༢༠༡༧་ལོའི་ཟླ་༡པོའི་ཚེ་༡༦་ཉིན་མགོ་ཚང་བུ་ནས་སྒྱུར།