མེ་སྲས་ཀྱིས་ཉེ་བྲིས་ཚན་པ་འགའ།

美友6484848

མཚན་མོ་དེའི་མུན་པ།
'. མེ་སྲས།
མཚན་མོ་དེར།
སྒེའུ་ཁུང་འགྲམ་གྱི་བྱེའུ་ཧ་ཅང་གྲང་སྲིད།
ཟླ་འོད་གྲང་ཤུར་ཤུར་གྱིས་ཆུ་ངོགས་སུ་འཕོས་ཚེ།
མཆོད་མེའི་འོད་ཀྱི་མེ་ལྕེབ་དག
ཆུང་མའི་བག་ཁང་དུ་འཕུར།

མཚན་མོ་དེར།
ངའི་དཔེ་སྒྲོམ་གྱི་ལོགས་སུ་ཁྱོད་རང་བརྩིགས།
ཁྱོད་ཀྱིས་ང་ལ་ཐ་སྙད་རེ་འགའི་མེ་ཏོག་བཙུགས།
དེ་དུས་མི་སེམས་ལ་དགའ་དུང་གིས་རི་མོ་ཕབ་ཀྱང་།
འཁོར་བའི་འཕྲེད་གླིང་ལ་བག་ཆགས་ཤིན་ཏུ་ཟབ།

མཚན་མོ་དེར།
ཆུང་མའི་ང་ལ་སྙན་ངག་ཞིག་བྲིས།
འཚོ་བའི་སྒོ་ཐེམ་ཐོག་མ་ནས།
ངའི་དགའ་སྐྱོ་ཆགས་སྡང་གི་རྨི་ལམ་རྨིས་བྱུང་།
སྤྲོ་དགའི་བག་ལ་ཉལ་བའི་ཁོ་མོ།
ད་དུང་ངའི་ལོ་ཟླའི་འཁྱག་རོམ་གྱི་ཁྲོད་ན།
མུན་པར་སྤྲོ་བ་འཕེལ་གྱིན་འདུག་ཨང་།

ལྷ་སྒྲུང་ནང་གི་ཁྱོད།

___ མེ་སྲས།

དད་མོས་དང་སེམས་གཤིས་ཀྱི་རྣམ་རྟོག་མཐའ་དག་སྒྱུ་རྩལ་གྱིས་བཞེང་བའི་སྟེགས་བུ་ཡིན་ན།
རྨི་ལམ་དང་ཁོར་ཡུག་གི་མཛེས་ལྗོངས་དེ་ཡང་མཐའ་ཡས་པའི་ཕུགས་ལམ་ཡངས་མོ་དེ་ཡིན་སྲིད།
མི་རིགས་དང་རང་གཞན་སྤྱི་སྒེར་གྱི་བྲོད་སེམས་ལ་སྙིང་སྟོབས་ཀྱི་དྲན་ཤེས་སྤར་ཚེ།
སྡུག་ཡུས་དང་སྐྱོ་གར་གྱི་ཕུང་པོ་དེ་ཡང་བདེན་རྫུན་གང་ཞིག་གི་སྟ་གོན་ཡིན་སྲིད།
གལ་སྲིད་འཇིག་རྟེན་པའི་སྨག་རུམ་དང་རྨོངས་པ་མཐའ་དག
བྱེ་ཐང་གི་རྐང་ལམ་ཇི་བཞིན་རླུང་བུས་སུབ་པར་གྱུར་ན།
ལྷིང་འཇགས་ཀྱི་སྙན་ངག་པའི་ཕོ་བྲང་དེ་ཡང་མྱ་ངན་ཐང་གི་དཔེ་ཟླ་རུ་འགྱུར་འགྲོ།
ང་ཡི་འཁོར་བ་དང་ཞེན་ཆགས་
རྨི་ལམ་དང་མཛའ་གཞས།
ཕྲག་དོག་དང་མནར་གཅོད་དག་ཀྱང་།
ལྷ་སྒྲུང་ནང་གི་བུ་མོ་དེའི་བསྣམས་སོང་བས།
ང་ཡང་ལྷ་སྒྲུང་ནང་གི་སྐྱེས་པ་ཇི་བཞིན།
སྡོང་མགོའི་སིལ་ཏོག་གཅིག་དང་ལྗང་མདོག་གི་མཛེས་པ་
ཡོངས་ཁྱེར་ནས་ཕ་ཡུལ་གྱི་སྙིང་མིའི་གམ་དུ་ལོག་ན་ཅི་ལ་མ་འདོད།
འོན་ཀྱང་བཙའ་ཆགས་པའི་རུས་པ་དང་
འཁྱོག་དྲག་པའི་མི་གཞིས།
ང་ཡི་གངས་རི་དང་རྩྭ་ཐང་ལ་གློ་རྡེག་ཏུ་བརྒོལ་སྲིད།
དེ་བས་ང་རང་ཅིས་ཀྱང་གངས་རི་དང་རྩྭ་ཐང་ལ་ཉེ་བར་བཅར་དགོས།

བཞུད་ཀྱིན་པའི་རྣམ་ཤེས།
--- མེ་སྲས།
ཀྱག་ཀྱོག་མི་ཚེ་ཡི་སྲང་ལམ་དོག་པོ་དོག་པོ།།
སྐྱེ་འཇིག་ཆོས་འབྱུང་གི་རྨི་ལམ་མཚར་པོ་མཚར་པོ།།
མི་རྟག་རྒྱུ་ལུས་ཀྱི་སྣང་བརྙན་ལྗང་ལོའི་མགོ་ལྕོག།
ཁྲག་དང་རྔུལ་ཆུ་ཡི་ཐིགས་པ་ཡིན་ཚོད་འདྲ་བ།།
ང་ཡི་གཞིས་ཁྱིམ་དུ་ཕོར་བ་བཟེད་ཀྱིན་བཟེད་ཀྱིན།།
ང་ཡི་སྐྱེད་ཚལ་དུ་སེར་བ་ཕབ་པ་མང་སོང་།།

བྱམས་དང་སྙིང་རྗེ་ཡི་རང་རྒྱུད་གཙང་མ་གཙང་མ།།
ཕན་བདེ་ཀུན་ཤེས་ཀྱི་ལྟ་བ་དྲང་མོ་དྲང་མོ།།
ཚོར་བའི་མེ་ཏོག་གི་ཞྭ་མོ་བསླུས་སུ་བཅུག་པས།།
ཡ་མེད་མི་བུ་ཚོའི་གདུང་རྒྱུད་ཡིན་པ་འདྲ་སྟེ།།
ཕ་རྒན་བྱང་སེམས་ཀྱི་བདག་པོར་ཨམ་གཙིཊ་བསྡམས་ཏེ།།
མདའ་དང་ཐོགས་ཞགས་ཀྱིས་མནར་གཅོད་ཚད་མེད་བཟོས་སོང་།།

ཞལ་རས་གུར་གུམ་གྱི་རང་མདངས་མཛེས་པོ་མཛེས་པོ།།
གནག་སྣུམ་སྐྲ་ལོ་ཡི་འདབ་མ་ཡག་མོ་ཡག་མོ།།
སྲོད་དུས་ཕ་མཁར་ཡི་པང་ནས་ལྷན་དུ་སྐྱེས་པའི།།
མཇལ་འཕྲད་སེམས་ནང་གི་རི་མོ་རྡོ་ལ་ཕབ་པ།།
རྒྱུ་དང་འབྱོར་བ་ཡིས་རལ་གྲིས་དུམ་བུར་གཅད་དེ།།
མཛའ་དུངས་ཁང་ཁྱིམ་གྱི་སྒོ་དང་སྒེའུ་གཏོར་སོང་།།

འཁོར་བའི་རི་གྲོང་གི་གཏམ་རྒྱུད་རྫིག་པོ་རྫིག་པོ།།
སྒྱུ་མའི་ཐང་གཞུང་གི་མཛའ་གཞས་སྙན་མོ་སྙན་མོ།།
འཚོ་བའི་བར་སྣང་གི་ཕྱེ་ལེབ་སྙིང་ལ་རྗེ་བོ།།
དྲན་པའི་ལག་མཐིལ་ནས་མྱང་བ་བདེན་ཚོད་འདྲ་ལེ།།
འདུས་བྱས་ཆོས་ཉིད་ཀྱི་མི་ཚེའི་སྒལ་གཞུང་སློག་དུས།།
སྐྱོ་བའི་ཁེར་རྐྱང་གི་མཚན་མོའི་བཞུད་ལམ་རིང་བ།།

Tongxueཚོར།
མེ་སྲས།____
འུ་ཚོ
དྲག་རླུང་གིས་ཁྱེར་བའི་སྟོན་ཀའི་ལོ་མ་སེར་པོ་དེ་ཡིན།
མཐོ་སྒང་གི་གྲང་འདར་ཁྲོད།
རང་གཞིས་རང་གིས་འཚོལ་ཚེ།
ད་གཟོད. ང་ཚོའི་ཕྱིར་དྲན་ལ་སྐྱོ་ཡུས་ཀྱི་མིག་ཆུ་གཏོར་འོང་།
འོན་ཏེ ང་ཚོ་ལ་འགྱོད་མེད་ཀྱི་མཛའ་བརྩེ་ཞིག་ཡོད།
ཟླ་བ་འཛུམ་ཚེ།
ཉི་ནུབ་ཀྱི་དགའ་དུངས་ཞེ་ལ་བཅིང་།
བརྗིད་པའི་རི་བོ་དག
ཡོམ་ཡོམ་དུ་འགུལ་ཡོད།

ཕ་ཡུལ།_____
མེ་སྲས།

ཕ་ཡུལ་ནི་ཞེན་ཆགས་སྟོང་གིས་བསླུས་པའི་
སྲིད་པའི་སྒྲུང་མགུར་རིང་མོ་ཡིན།
ཕ་ཡུལ་ནི་མི་ཁ་ཁྲི་ཕྲག་གི་བརྡུང་བས་
ཟུག་རྔུའི་སྒལ་གཞུང་སྐྱ་མོ་ཡིན།
ཕ་ཡུལ་ནི་གཅེས་པའི་མེ་ཏོག་འཐོར་སའི་
འཁོར་བའི་བྲང་གཞུང་ནལ་མོ་ཡིན།
ཕ་ཡུལ་ནི་ཁ་དང་ལག་པ་ཕྱིད་པའི་
གྲང་ངལ་དགུན་ཁ་བཙན་པོ་ཡིན།
ཕ་ཡུལ་ནི-----ཕ་ཡུལ་ནི་དཔྱིད་ཀ་དེ་ཡིན།
ཕ་ཡུལ་ནི-----ཕ་ཡུལ་ནི་དབྱར་ཁ་དེ་ཡིན།
ཕ་ཡུལ་ནི---- སྟོན་ཀ་དེའང་ཡིན་ནོ།

རྨི་ལམ་མེད་པའི་མཚན་མོ།
___ མེ་སྲས།
མཛའ་གཞས་ལྟ་བུའི་ཁྱོད།
ངའི་རྣམ་ཤེས་ཀྱི་བ་ཚྭར་ཆགས་ནས།
ཟླ་འོད་དང་སྒེའུ་ཁུང་ངོགས་ཀྱི་ལྷ་མོར་སྤྲུལ།
མིག་ཟུང་བཙུམ་པའི་ཚེ།
ཁྱོད་ནི་སྔར་བཞིན་བདག་གི་འཇིག་རྟེན་ནས་བརྩེ་དུང་གི་ཁྲག་ཡིག་འབྲི་མཁན་དེ་རེད།
མ་རེད། ཁྱོད་ནི་བུད་མེད་དཀྱུས་མ་ཞིག་སྟེ།
མཐོ་སྒང་གི་ཁ་བ་དང་ལྷན་དུ་འོང་ཞིང་ཁ་བ་དང་ལྷན་དུ་ཞུ་འགྲོ་མཁན་དེ་རེད།
མ་རེད། ཁྱོད་ནི་མི་སེམས་ལ་ཆགས་སྡང་གིས་བཱ་མོ་སྦྱོར་མཁན་དེ་རེད།
དེའང་མ་རེད། ཁྱོད་ནི་སྟོང་བ་ཉིད་དེ།
སྟོང་བ་ཉིད་ལས་ཀྱང་སྟོང་བའོ།