ཨ་སྔོན་ནས་ཤར་བའི་ཉི་ཟླ་གཉིས།

美友2448271

ཨ་སྔོན་ནས་ཤར་བའི་ཉི་ཟླ་གཉིས།

ཤེས་བྱ་རབ་གསལ།༼ཉག་རོང་།༽

ལྔ་བདོ་སྙིགས་མའི་དུས་འདིའི་འདྲེན་མཆོག་རྗེ།།

རྣམ་གསུམ་བསྟན་པའི་བདག་ཉིད་འགྲོ་བའི་མགོན།།

ལུས་ཅན་ཡོད་དོ་ཅིག་གི་དེད་དཔོན་མཆོག།

མཉམ་མེད་བླ་མ་ཁྱེད་ལ་ཕྱག་བགྱིད་དོ།།

མཁྱེན་པས་ཤེས་པར་བྱ་བའི་ཡུལ་ཀུན་མཁྱེན།།

བརྩེ་བས་འགྲོ་བ་རྣམས་ལ་བུ་བཞིན་བརྩེ།།

ནུས་པས་ལུས་ཅན་ཡོངས་ཀྱི་དོན་ཆེན་ནུས།།

རྒྱལ་བ་དངོས་བྱོན་ས་གསུམ་ཁྱོན་ན་རྒྱལ།།

དྲང་ངེས་གང་ལ་གང་འདུལ་སྟོན་མཁས་ཤིང་།།

ལྷག་བསམ་རབ་དཀར་ཟླ་བ་ཉ་གང་བཞིན།།

བསྟན་དང་འགྲོ་བའི་དོན་དུ་སྐུ་ཚེ་གང་།།

ངལ་མེད་གཞན་དོན་སྐྱོང་བ་འདི་རྨད་བྱུང་།།

བསླབ་གསུམ་རྣམ་དག་རིན་ཆེན་གསེར་ཞུན་མ།།

ས་གསུམ་བདེ་བར་འདྲེན་མཛད་ཀུན་མཁྱེན་རྗེ།།

སྲིད་གསུམ་བདེ་ལ་འགོད་མཛད་མཁན་སློབ་གཉིས།།

རིགས་གསུམ་གདུལ་བྱའི་མགོན་དུ་ལན་བརྒྱར་བསྔགས།།

གུས་སློབ་བྱེ་བ་ཕྲག་བརྒྱའི་ཞིང་ས་ལ།།

ངེས་ལེགས་དོན་བཟང་སྨིན་པའི་ས་བོན་འདེབས།།

ནམ་ཡང་བརྗེད་ཐབས་བྲལ་བའི་བཀའ་དྲིན་ཅན།།

སྨྲ་སེང་མི་གཟུགས་འཛིན་ལ་གུས་བརྒྱས་བསྟོད།།

གསང་གསུམ་བོན་གྱི་མཛོད་འཛིན་བླ་མ་མཆོག།

དུས་མཐའི་གཤེན་བསྟན་གཉེན་འཕྲང་སྐྱོབས་པའི་མགོན།།

རྒྱལ་བསྟན་ཚུལ་བཞིན་སྐྱོང་བའི་བྱེད་པོ་བ།།

རྒྱལ་བའི་རྒྱལ་ཚབ་མཁན་སློབ་རྣམ་གཉིས་བསྟོད།།

བསྟན་འགྲོའི་དོན་ཆེན་ལྷོ་ཕྱོགས་ཡུལ་དུ་མཛད།།

སྐལ་ལྡན་སྐུ་བསོད་ཅན་རྣམས་བོན་གྱིས་སྐྱོང་།།

གཡུང་དྲུང་བོན་བསྟན་ཕྱོགས་མཐར་སྤེལ་བ་ལ།།

ཟླ་བྲལ་མཁན་སློབ་ཉི་ཟླའི་བཀའ་དྲིན་དྲན།།

མཚན་དཔེའི་ལྗོན་བཟང་བསིལ་ལྡན་ལྗོངས་སུ་འཁྲུངས།།

མཛད་བཟང་ཡལ་འདབ་གཞན་ཕན་ཁུར་གྱིས་ལྕི།།

ཐུགས་ཀྱི་བརྩེ་ཆེན་ལུས་ཅན་ཀུན་ལ་སྙོམས།།

དྲིན་ཅན་མཁན་སློབ་རྣམ་གཉིས་གུས་པས་འདུད།།

མདོར་ན་མཛད་བཟང་རྒྱ་མཚོའི་མཐའ་མི་དཔོག།

འདི་ཞེས་བརྗོད་པའི་ཚད་ཅིག་ཡོད་མ་ཡིན།།

སྐུ་དྲིན་ཆ་ཙམ་ཡི་གེའི་གཟུགས་སུ་ཕབ།།

ནོངས་པ་ཅི་མཆིས་སྐྱབས་ཡུལ་རྣམས་ལ་བཤཊ།།