༈བར་མཚམས་ཤིག་གི་ཉིན་མཚན།
• རོ།
ལག་པ་ཆད་སོང་།
ང་ལ་གཤོག་པ་མེད།
མུན་པར་ཕོག་པའི་འཇའ་འོད།
ཁ་བ་དང་རླུང་བུར་ཧ་ཅང་དགའ་པོ་ཡོད།
གཉིད་མི་ཁུག་པའི་མཚན་མོར་ཁ་དོག་དབེན་ནའང་།
རྨི་ལམ་ཁོ་ནར་འཁྲུགས་དོན་གསལ་བཤད་མེད།
སྙིང་དུ་སྡུག་པའི་བུ་མོ་ལགས།
ང་ལ་འཁང་ར་ཅི་ཡང་མི་བྱེད་རོགས།
ང་ནི་མུན་པའི་ཀོ་གྲུ་གཏོང་མཁན་གྱི་མི་བུ་སྒེར་ཚུགས་ཅན་དེའོ།།
ལོ་འདིའི་ཁ་བ་དང་བུ་ཡུག
ཟླ་འདིའི་གྲང་ངར་དང་ཉི་འོད།
ང་ལ་དུས་ཚོད་ཀྱི་ཐག་སྒྲ་མེད་པས།
དོན་དུ་ཁོ་པ་ནི་གྲོང་གསེབ་པ་ཞིག་གོ།
གཉིད་རྒྱུར་དགའ་བའི་གྲོང་གསེབ་པ་ཞིག་གོ།
ལུས་ནས་གྲང་ངར་ལྡང་གིན།
སེམས་པ་ཧ་ཅང་ཚ་བའི་རང་བཞིན་ཅན་ཞིག་ཨང་།
རི་བོ་ཧི་མ་ལའི་ཕར་རྒྱབ་ནས་ཐོས་པའི་སྙིང་སྡུག་སྒྲོལ་མ་ལགས།
ངས་མུན་པ་ལས་འཇིག་རྟེན་ཁམས་ནས་ཅི་ཡང་མཐོང་གིན་མེད།
ང་ནི་ཉམ་ཐག་པའི་མི་བུ་ཆེས་སྤྱིར་བཏང་བ་ཞིག་ལ་ངོས་འཛིན་བྱེད་རོགས།
༢༠༡༧.༡.༦.ཉིན་བྲིས།