我的美篇

Knam Gyal

ཀ་རྩོམ་ཆ་འགྲིག་མ།

མགོ་ཚང་བུ་ནས།

ཀ་རྩོམ་ཀ་ཕྲེང་འབྲི་བ་ངས་མ་ནུས།།

ཁ་རྩོམ་ཁ་ཕོད་འདྲ་བོ་གཞོན་ནུའི་གཏམ།།

ག་ཞ་ག་གོན་ཚིག་གིས་གསལ་བྱེད་དོ།།

ང་དང་ང་འདྲའི་བློ་གསལ་གཞོན་ནུའི་ཚོགས།།

ཅ་ནེ་ཅ་རེར་འཚོལ་བ་ཕུགས་བྱེད་ནས།།

ཆ་ཡོད་ཆ་མེད་མི་ལ་སྤུན་ཟེར་བཞིན།།

ཇ་ཁ་ཇ་ཆང་ཙམ་ཞིག་དོན་གཉེར་བྱས།།

ཉ་གང་ཉ་མ་དག་གི་བསླུ་བྲིད་ཀྱིས།།

ཏ་ཀུ་ཏ་ཀུ་བརྟེན་པ་ཡིད་རེ་སྐྱོ།།

ཐ་ཆད་ཐ་མ་ཁ་ནི་བག་མེད་སྤྱོད།།

ད་རེས་ད་ཚོད་རྨོངས་ཡང་སྨྲེང་མ་ཤེས།།

ན་ནིང་ན་ཚོད་སྨིན་ཡང་སྣང་སྨིན་རེད།།

པ་པོ་པ་པོ་ངག་གི་འབེབས་གཏམ་དག།

ཕ་ཡུལ་ཕ་སྐད་ཕ་རོལ་བཞག་ནས་ནི།།

བ་མ་བ་བོ་གཏམ་ཞིག་འཆད་ཀྱིན་གདའ།།

མ་ཕྱི་མ་མ་དྲན་པའི་ངོས་ནས་བོར།།

ཙ་གེ་ཙ་གེ་བྱིས་པའི་དོན་གཉེེར་ཙམ།།

ཚ་བ་ཚ་བོར་ལང་ཚོ་ཆུ་ལ་བསྐྱུར།།

ཛ་ཡ་ཛ་ཡ་རིན་ཆེན་གསུང་རབ་རྣམས།།

ཝ་ལེ་ཝ་ལེར་གསན་བསམ་རུས་སྦལ་སྤུ།།

ཞ་ར་ཞར་ཞོར་མི་རྟག་འབའ་ཞིག་ལོབས།།

ཟ་དང་ཟ་ཟུར་རང་རེའི་ལུགས་འདི་དམོད།།

འ་འུར་འ་འུར་ཆུ་སྣ་གར་ཁྲིད་བྱེད།།

ཡ་མཚར་ཡ་མ་ལུགས་ཤིག་ཁོ་ནར་འབད།།

ར་ཡིག་ར་མ་ལུག་ཅིག་དད་གནས་བྱེད།།

ལ་ལུང་ལ་ཁ་མྱུལ་བ་ཚོང་དོན་ཙམ།།

ཤ་འདྲེས་ཤ་ལྤགས་ཙམ་གྱི་འཇིག་རྟེན་སྐྱོང་།།

ས་ཆེན་ས་སྟེང་ས་ཡ་དྲུག་གི་ལྗོངས།།

ཧ་ཅང་ཧ་ལས་ཚིག་གིས་གཏམ་ཞིག་བརྗོད།།

ཨ་རོགས་ཨ་འདི་སྙིང་གི་ཕྱེད་ཀ་ཡིན།།

༢༠༡༦་ལོའི་ཟླ་༦་པའི་ཚེ་༢༩་ཉིན།