ལོ་ཟླའི་གཙང་འགྲམ་གྱི་མེ་ཏོག་ཚོམ་བུ།

美友6787177

ལོ་ཟླ་ནི་ང་ཚོ་ལ་གུ་ཡངས་མི་གནང་མཁན་དེ་ཡིན། མང་པོ་ཞིག་རྒྱབ་ཏུ་བསྐྱུར་ནས་མདུན་ནས་མདུན་དུ་བཞུད་མཁན་ཞིག་ཡིན། དེས་ཉིན་མཚན་གྱི་རེས་མོས་བར་ནས་མང་པོ་ཞིག་ང་ཚོའི་འདས་ཟིན་པར་སྤྲད་ཟིན།ཡིན་ཡང་ཆུ་ཕྲན་ལྟ་བུའི་དྭངས་གཙང་གི་མཛའ་བརྩེ་མངར་མོས་ང་ཚོ་ནམ་ཡིན་ཡང་གཅིག་ཏུ་སྦྲེལ་ཡོད།

འུ་ཅག་གི་འདས་ཟིན་པའི་ལོ་ཟླའི་ཧྲག་བར་ལ་ཕྱིར་མིག་ཅིག་བལྟས་ན། མང་པོ་ཞིག་ལ་མེ་ཏོག་ལྟ་བུའི་དྲི་ཞིམ་འཐུལ་ཞིང་། རོལ་དབྱངས་བཞིན་དུ་སྙན་འཇེབས་ལྡན་ཡོད། དེ་དག་དུས་རྒྱུན་གྱི་འཚོ་བའི་ཁྲོད་ནས་ང་ཡི་རྣ་ལམ་དུ་ཡང་ཡང་ལྷུང་ཞིང་།ང་ཡི་མིག་གོང་དུ་ཡང་ཡང་འཚེར་ཡོང་།

ལས་དབང་གི་བཀོད་པས་སོ་སོས་མི་གཅིག་པའི་ལམ་ཁར་གོམ་ཁ་བསྒྱུར་ཞིང་། འཚོལ་སྙེག་གི་སྤོབས་པས་ང་ཚོ་ལ་ཁ་ལོ་བསྒྱུར། སློབ་སྦྱོང་གི་བྲེལ་འཚུབ་ཀྱིས་ང་ཚོར་ཁ་བརྡ་གློད་རྒྱུའི་གོ་སྐབས་བྱིན་མ་སོང་། མི་འདོད་པའི་བར་ཐག་ཅིག་གིས་རང་དབང་མེད་པར་ང་ཚོ་ཁྱུར་མེད་གཏོང་རྩིས་བྱེད། ཡིན་ནའང་སེམས་ཀྱི་བར་ཐག་ཉེ་བའི་ང་ཚོ་དུས་གསུམ་དུ་ཁོམ་གླགས་རེར་བཙལ་ནས་ལྷན་འཛོམས་ཐེངས་གཅིག་ལ་སྨོན་པའི་འདུན་མ་བཅོལ་ཞིང་། དོ་ནུབ་བཞིན་ལྷན་འཛོམས་ཀྱི་དགོད་སྒྲས་བརྒྱན།

གྱེས་བརྡ་མ་ཡིན་པའི་སྙིང་གཏམ་རུམ་གང་བསྣམས་ནས་ང་རང་སྙིང་ཉེ་བའི་ཁྱོད་ཚོའི་གམ་དུ་ལོག ཡུན་རིང་སེམས་སུ་ཉར་བའི་འཚོ་བའི་མངར་སྐྱུར་ཁ་གསུམ། དོ་ནུབ་ངས་ཁྱོད་ཚོར་ཞིབ་ཚགས་ཀྱིས་བརྗོད་འདོད། རྒྱུ་མཚན་ཁྱོད་ཚོ་ནི་ང་ལ་ཆེས་ཆ་རྒྱུས་ཡོད་མཁན་དང་རྒྱུས་ལོན་བྱེད་མཁན་དག་ཡིན་ལ། ངའི་མི་ཚེའི་ལམ་ཁར་བརྐོས་པའི་ཆེས་ཁ་དོག་གིས་འཚེར་བའི་མེ་ཏོག་གི་ཚོམ་བུའི་རི་མོ་ཡིན།

དེ་དུས་འབྱུང་འགྱུར་གྱི་ཕུགས་བསམ་ཞེས་པ་ནི་རྒྱང་ཐག་རིང་ཞིང་རྒྱུས་མངའ་མེད་པ་ཞིག་རེད་བསམ་སོང་། དེས་རྒྱུན་དུ་ང་ཚོ་ལ་ཁ་ཕྱོགས་དང་དམིགས་ཡུལ་མེད་པའི་འཁྱམ་པོ་རེད་ཅེས་ལེ་བདའ་གཏོང་བ་དང་འདྲ།

ཡིན་ནའང་འུ་ཚོས་སྤྱི་གཙུག་གི་ཉི་ཟླ་ལྟ་བུའི་དགེ་རྒན་དམ་པ་ཚོས་གསུང་གི་བདུད་རྩིའི་ཀློང་ནས། མཉམ་བསྐྱེད་ཀྱི་གོམ་ཁ་མ་ལྷོད་པར་དཀའ་སྡུག་གི་དངུལ་ཆུའི་ཐིགས་པ་རེ་རེ་ལོ་ཟླའི་ལྟེབ་ཁུག་ཏུ་འཐོར་མྱོང་བ་དེས། ང་ཚོ་ནི་འཇིག་རྟེན་འདིའི་འཁྱམ་པོ་དང་སྤྲང་བོའི་ཚོགས་ཤིག་མ་ཡིན་པར། རང་རང་ལ་དབང་བའི་འོད་སྣང་གི་འཚོ་བའི་ཟུར་ཞིག་ཨེ་འཁྱོངས་འབད་ཐག་བྱེད་བཞིན་པའི་བོད་མོ་རྨི་ལམ་ཅན་རྐྱང་རྐྱང་ཡིན་པ་ར་སྤྲོད་བྱ་ཐུབ།

ཆོས་ལྡན་གྱི་མི་རིགས་ཤིག་ཏུ་སྐྱེས་པ་ནས་བཟུང་།ང་ཚོའི་ཚེ་སྲོག་ལ་ཆོས་ཀྱི་སྙིང་བོས་བརྒྱན། བྱམས་སེམས་དང་སྙིང་རྗེའི་ཉི་འོད་དུས་རྟག་ཏུ་ང་ཚོའི་ལུས་ངག་ཡིད་གསུམ་དུ་འཕྲོས་ཤིང་། ང་ཚོའི་སེམས་སུ་བོད་མོ་རྣལ་མ་ཞིག་གི་རང་གཤིས་འཛིན་རྒྱུའི་དམ་བཅའ་ཞིག་ངང་གིས་སྨིན་མྱོང་།དེ་ནས་བཟུང་ང་ཚོས་ཀྱང་ཁ་བ་ལྟར་དཀར་བའི་སེམས་ཀྱི་ཕྱི་ནང་དུ་ཆེས་མིག་འགྲོས་སུ་སོང་བའི་ཕན་ཚུན་གྱི་ངོ་གདོང་རི་མོར་ཕབ་ཅིང་། ལྷད་མ་འདྲེས་པའི་བརྩེ་འཛུམ་རེ་རེ་འཇིག་པ་མེད་པར། དུས་རྟག་ཏུ་ནང་སེམས་ཀྱི་དྲོད་དུ་ཉར། དེ་ནི་དུས་ཚིགས་དང་ནམ་ཟླ་ལ་འབྲེལ་བ་མེད་པའི་མི་སེམས་ཀྱི་དབྱར་ཁ་ཞིག་ཡིན་པས།  ངའི་སྤང་གི་ནེམ་ཤ་ལྟ་བུའི་སེམས་གཞོང་དུ་སྙིང་ཉེ་བའི་ཁྱོད་ཚོ་ཇི་འདྲའི་མཛེས་ཨང་།

ལོ་ངོ་དུ་མའི་ཡར་སྔོན་གྱི་ངའི་ཉིན་ཐོའི་འབྲི་ཤོག་ངོས་ནས། འདས་ཟིན་པའི་རང་ཉིད་དང་ཁྱོད་ཚོ་རྙེད་སོང་།ང་ཚོའི་གཤིས་འཇམ་དང་གཞུང་དྲང་། བྱམས་སེམས་ཆེ་བའི་བོད་གངས་ཅན་གྱི་ཨ་མ་རླབས་ཆེན་ཞིག་བྱེད་འདོད་པའི་སྙིང་གཏམ་གྱི་ཡིག་འབྲུ་མཐའ་དག་རྙེད་སོང་།ད་དུང་གསང་བ་ལྟ་བུའི་སེམས་འདུན་འགའ་བྲིས་མ་ཚར་བར་སེམས་ཀྱི་ཟབ་ས་རུ་འཐིམ་ཡོད་པ་དེ་ནི་བཅོས་མ་མིན་པའི་རིགས་ཞེན་དང་གཙང་ཆུ་ལྟ་བུའི་བརྩེ་སེམས་རེད།དེ་ནི་དུས་རབས་ཀྱི་འགྱུར་ལྡོག་དང་ཁོར་ཡུག་གི་འགྱུར་ལྡོག་གང་གིས་ཀྱང་རྙིང་ཐབས་མེད་པའི་བདུད་རྩི་བསིལ་མ་ཞིག་དང་འདྲ་བར། དུས་ངེས་མེད་དུ་ང་ཚོའི་ནང་སེམས་ཀྱི་འཇིག་རྟེན་དུ་ལྟེམ་མེར་འཁྱིལ་ཡོད།

ང་ཚོས་དཔུང་བ་མཉམ་དུ་གཤིབ་སྟེ་གདོང་གཏད་དགོས་པའི་དཀའ་ཁག་མང་པོ་ཞིག་བརྒྱུད་མཐར། སླར་ཡང་མཉམ་འཛོམས་ལ་རོལ་ཆོག་པའི་ཐུན་མོང་གི་གནས་ཤིག་རྙེད་མ་སོང་།དེ་ནི་ང་ཚོས་དང་ལེན་གྱི་མགོ་ལྕོག་ལྡེམ་ངེས་པའི་མི་ཚེ་དང་འཚོ་བའི་ཆོས་ཉིད་ཅིག་ལ་བསམ་ཆོག མ་མཐའ་ཡང་ང་ཚོ་ནམ་ཡིན་ཡང་བོད་མི་རིགས་ཀྱི་གཞི་ཁྱིམ་གཅིག་ཏུ་འཛོམས་ཡོད། ཆོས་ལུགས་ལ་དད་མོས་ཡོད་ཅིང་ལས་རྒྱུ་འབྲས་ལ་ཡིད་ཆེས་བྱེད་སའི་འཇིག་རྟེན་འདིའི་ཞིང་ཁམས་མཆོག་ཏུ་གྱུར་ཞིག་ཏུ་མཉམ་དུ་འཛོམས་ཡོད་པས། མི་ཚེའི་འགྲུལ་བཞུད་དུ་ཕམ་ཉེས་ཀྱི་མགོ་བོ་སྨད་པའི་དུས་ནི་ཡོད་ནའང་། མཐའ་མཇུག་གི་རེ་བ་དྲག་པོས་ང་ཚོ་ལ་ནམ་ཡང་མདུན་བསྐྱོད་ཀྱི་སྐུལ་མ་ཡང་ཡང་བྱེད། སྙིང་ཉེ་བའི་ཁྱོད་ཚོས་དྲན་ཨེ་བྱུང་། གནང་བ་སྐབས་སུ་ང་ཚོས་ཕ་ཡུལ་གྱི་རུམ་ཁོང་བསྙེགས་དུས། བརྩེ་བའི་ཡུམ་ཆེན་ཚོས་འབྲི་མོ་བཞོ་བའི་དབྱངས་རྟ་རྣ་ལམ་དུ་ལྷུང་ཡོང་།དེ་ནི་འུ་ཅག་གི་རུས་རྐང་ལ་སིམ་པའི་ཚེ་སྲོག་གི་དབྱངས་རྟ་རེད། དེས་ང་ཚོ་ལ་བོད་མི་རིགས་ཀྱི་ཨ་མ་ཚོ་དང་ཐུལ་དཀར་འབྲི་མོའི་བར་གྱི་བརྩེ་དུང་གི་ཟབ་ཚད་ར་སྤྲོད་བྱེད་གྱིན་འདུག་ལ། ག་དུས་ཡིན་ཡང་རྩྭ་ཐང་ཡངས་པོ་འདི་འུ་ཅག་གི་སེམས་རྒྱ་ཡིན་ཞིང་།ལྷད་མ་འདྲེས་པའི་གཙང་འགྲམ་གྱི་མེ་ཏོག་ཚོམ་བུ་དེ་འུ་ཅག་གི་ལང་ཚོ་ཡིན་པ་དྲན་སྐུལ་བྱེད་བཞིན་ཡོད་པ་རེད། དེ་བས་ང་ཚོས་ཀྱང་དྲི་ཞིམ་དང་དཀྲག་མདངས་ཀྱིས་བཞད་པའི་ལང་ཚོའི་མཛེས་པ་རེ་རེར་བོད་མི་རིགས་ཀྱི་སྲོལ་རྒྱུན་དང་། གོམས་གཤིས། རིག་གནས་སོགས་ཀྱིས་རྒྱན་ཆ་སྤྲོས་ཏེ། ཆེས་མཛེས་པའི་ཞིང་ཁམས་འདི་རུ་ཆེས་མཛེས་པའི་རང་ཉིད་བཙལ་དགོས་ཤིང་། དྲིན་དྲན་པ་དང་དྲིན་ཤེས་པ། དྲིན་གཟོ་བའི་འདུ་ཤེས་ཀྱིས་ཕྱུག་པའི་བོད་མི་རྣལ་མ་ཞིག་ལ་བརྩོན་རྒྱུ་ནི། འུ་ཅག་གི་ཐུན་མོང་གི་དམིགས་ཡུལ་ཡིན་པ་སྙིང་ཉེ་བའི་ཁྱོད་ཚོས་མི་བརྗེད་རོགས།མཐར་ཚོས་ཁ་བྱུག་པའི་འདས་ཟིན་པའི་བརྒྱུད་རིམ་མང་པོ་ཞིག་ང་ཚོས་ནང་སེམས་ཀྱི་རྟེན་དུ་ཉར། འཚོ་བའི་གོས་སུ་གྱོན། ལང་ཚོའི་རྨི་ལམ་དུ་སྦྲུམ། མུ་ནས་མུ་རུ་་་་་་་་་་་་་་