༄༅།།ནད་པས་སྨན་པར་བསྟེན་པའི་
སྔོན་འགྲོའི་ཤེས་བྱ།
དང་པོ། རྩ་ལ་ནད་ངོས་བཟུང་པའི་སྔོན་ནས་ཟས་དང་སྤྱོད་ལམ་སྤང་དགོས་པར་ནི། སང་ཉིན་རྩ་བལྟ་བའི་དེ་རིང་ལྟ་བུ་ནས་ཀྱང་ཤ་ཆང་ལ་སོགས་པ་ཧ་ཅང་དྲོད་བཅུད་དྲག་པོ་ཟོས་པ་དང་ལུས་ཀྱིས་བྱ་བ་དྲག་པོ་བྱེད་པ་དེའི་རྐྱེན་གྱིས་རྩ་ཡང་ཚ་བའི་ནད་གཞི་དང་མཐུན་པར་ཅུང་འགྱུར་འོང་བ་དང་། དེ་བཞིན་སྔོ་ངད་🌯་དང་རུལ་སུངས་སོགས་འཇུ་དཀའ་བའི་རིགས་དང་ཇ་དང་ར་ཕག་🍵🐐🐖་གི་ཤ་ལ་སོགས་པ་བསིལ་ཆེས་པ་བཟའ་ཆེས་ན་གྲང་བའི་ནད་གཞི་སློང་བས་དེ་ལྟར་ཚ་གྲང་གི་ནད་གཞི་འཁྲུགས་པའི་ཟས་སྤང་ལ་བསིལ་དྲོད་སྙོམས་པའི་ཟས་བཟའ་དགོས། དེ་ཡང་ཧ་ཅང་འགྲང་ཆེས་པ་དང་། ལྟོགས་ཆེས་པ་དང་བུད་མེད་དང་ཉལ་པོ་བྱེད་པ་དང་བྱ་ལས་ཀྱིས་གཉིད་ཆག་པ་དང་ཁ་བཏོན་ལ་སོགས་པ་སྨྲ་བརྗོད་🗣་མང་བ་དང་སེམས་ཀྱི་མྱ་ངན་དང་ཡིད་མི་བདེ་བ། བསམ་བློ་མང་དུ་བཏང་བའི་སེམས་ལས་བྱེད་པ་དང་། འགྲོ་ཞིང་🏃🏻་འདུག་པའི་སྤྱོད་ལམ་མང་པོ་བྱེད་པ་སྤངས་ཏེ་བརྟག་པར་བྱ། དེ་ལྟར་བྱས་ན་དེ་ཡིས་འདུ་བ་རླུང་མཁྲིས་བད་ཀན་རྣམ་གསུམ་མི་འཁྲུག་པས། རྩ་གསལ་ཞིང་ཐིག་པ་འོང་ངོ་། དེ་ལྟར་མ་བྱས་ན་བརྒྱགས་ཆེས་པའི་དུས་སུ་རྩ་མཐོ་ལ་གྲིམས་པ་ཡིན་པས་ཚ་བའི་ནད་ལ་མཐུན་པ་དང་། ལྟོགས་ཆེས་དུས་རྩ་སྤང་དམའ་ལ་ཞན་པ་ཡིན་པས་གྲང་བའི་ནད་ལ་མཐུན་པ་དང་། གཉིད་ཆག་པ་དང་། སྨྲ་བརྗོད་🗣་མང་བས་རླུང་འཁྲུགས་ཏེ་རྩ་ཡང་རླུང་གི་ནད་དང་མཐུན་པར་འོང་ངོ་། འགྲོ་འགྲོ་འདུག་འདུག་མང་བས་རྩ་ཡང་འཚུབ་པ་ལྟར་བུ་འོང་བས་རྐྱེན་དེ་དག་སྤང་ནས་དལ་བར་བྱས་ན་རང་བཞིན་ནད་ཁམས་ཀྱི་རྩ་གང་ཡིན་དེ་ཇི་ལྟར་ཡིན་པ་རང་སོ་ན་གསལ་ལོ།
གཉིས་པ། ཆུ་ལ་ངོས་བཟུང་སྔོན་ནས་ཟས་དང་སྤྱོད་ལམ་དགོས་པར་ནི། སང་ཉིན་ཆུ་བལྟ་བའི་དོ་དགོང་གི་ནུབ་མོ་ནས། ཇ་དང་དར་བ་དང་ཆང་བསིང་རྫས་ལ་ཆུ་བརྒྱབ་པའི་སིང་པོ་སོགས་སྐོམ་གྱི་རིགས་ཧ་ཅང་མང་དུ་འཐུངས་ན་དེས་ཆུ་མདོག་སྐྱ་གླེག་སོགས་སུ་འགྱུར་བ་དང་རྒྱ་སིལ་ཁུ་(果汁)🍹དང་གླང་དམར་(红牛)ཚིག་ཇ་(咖啡)☕️ཆང་དམར་(红酒)🍷ཤུགས་འཕེལ་(健力宝)🍻སོགས་ཆུ་མདོག་དམར་སེར་འགྱུར་བས་སྤང་དགོས། ཧ་ཅང་ཁ་སྐོམ་པར་ཡང་སྡོད་པར་མི་བྱ་སྟེ་དེས་ཆུ་ཉུང་ལ་སྐ་ཞིང་སེར་བར་འགྱུར་རོ། དེས་ན་སྐོམ་རན་པར་འཐུང་བར་བྱ་ཞིང་བུད་མེད་དང་ཉལ་པོ་💏་བྱེད་པ་ཡང་སྤང་བར་བྱ་སྟེ་ཉལ་པོ་བྱས་པའི་ཆུ་ནི་ཁུ་བ་དང་འདྲེས་ནས་བ་གླང་གི་ཁ་ཆུ་ལྟར་ནལ་ནལ་པོ་རྙོགས་པ་ཅན་འབྱུང་ངོ་། གཉིད་ཆག་པ་དང་འགྲོ་འདུག་མང་དུ་བྱས་པ་དང་། སེམས་ལས་སྣ་ཚོགས་བྱས་པས་ཀྱང་རླུང་འཁྲུག་པས་ཆུ་ཡང་དེ་དང་འདྲ་བར་འབྱུང་བ་སྟེ། དེ་ལྟར་ཆུ་འཁྲུག་པར་བྱེད་པའི་རྐྱེན་སྤང་བར་བྱའོ། དེ་ཡང་སྨན་བོད་སྨན་ལྕུམ་རྩ་དང་མྱང་རྩི་སྤྲས་སོགས་ཟོས་ན་ཆུ་མདོག་དམར་སེར་དང་སེར་པོ་འགྱུར་བར། རྒྱ་སྨན་ལི་ཧྥུ་ཕིན་(利福平)གིས་ཆུ་མདོག་དམར་པོ་འགྱུར་བ་དང་ཝེ་ཧྲེང་སུའུ་B2(维生素B2)གིས་ཆུ་མདོག་སེར་པོ་འགྱུར་བས་ཟས་ལ་སོགས་ཆུ་མདོག་འགྱུར་སླ་བས་ཟས་སྤྱོད་རྣམས་ལས་ཆུ་འགྱུར་བའི་ཟས་སྤྱོད་སྤང་ངོ་། དེ་ཡང་ནམ་སྟོད་སྟེ་མཚན་མོ་ཕྱེད་ཕན་ཆོད་ཀྱི་ཆུ་ནི་ཟས་ཀྱི་ཆུ་ཡིན་པས་དེ་བཏང་སྟེ་ཕོ་བར་བྱས་ལ། དེ་ཚུན་ཆད་ནམ་སྨན་ཀྱི་ཆུ་ནི་ནད་དང་མཐུན་པའི་ཆུ་ཡིན་པས་དེ་བཏང་བ་ན་སྣོད་དྲི་མ་མེད་པའི་གཙང་བ་ཞིག་གི་ནང་དུ་བསགས་ཏེ་དེ་ལ་བལྟ་དགོས། སྣོད་དུས་རྒྱུན་བེད་སྤྱོད་པའི་གཅིན་སྣོད་ནང་དུ་བསགས་ན་ཆུ་ཡི་དྲི་མ་ནད་ཅན་ཆུ་ཡི་དྲི་མ་ཡིན་པར་ལ་གཅིན་སྣོད་ཀྱི་དྲི་དྲོ་བ་དང་གཅིན་ནང་དུ་གད་སྙིག་ཡང་བ་སོགས་ཡོད་པས་སྤང་བ་བྱའོ། ཆུ་སྣོད་ཀྱི་མདོག་ནི་དཀར་ཡོལ་དང་འཁར་གཞོང་ལྕགས་དཀར་སྣོད་དུ་བརྟག་དེའི་ནང་བཞིན་ཆུ་སྣོད་བའི་ཁ་མདོག་དཀར་པོ་ཡིན་དགོས། ཁ་མདོག་གཞན་ནག་པོ་དང་དམར་པོ་སེར་པོ་ལྗོང་ཁུ་སོགས་ཀྱི་ནང་དུ་བླུགས་ན་ཆུ་མདོག་མི་གསལ་བས་སྤང་བ་བྱའོ།
༸བོད་རབ་བྱུང་བཅུ་བདུན་པའི་མེ་སྤྲེལ་ལོ་སྨིན་དྲུག་ཟླ་བའི་ཡར་ཚེས་བཟང་པོ་ཉིན་འབུམ་ཆུ་སྨན་པ་དབང་ཆེན་གྱིས་བྲིས།✍🏻