གྲོགས་པོ་དང་གྲོགས་མོ་གཉིས་ཀྱི་ལེགས་སྐྱེས་ལ་བཀའ་དྲིན་ཞུ།

འབྲི་ཞོ་མངར་མོ།

མཛེས་པའི་འཛུམ་ལྡན་གྱི་གྲོགས་མོ་ཀླུ་མོ་སྐྱིད་ལ།།

ཁ་ཞེ་གཉིས་མེད་ངང་བཀའ་དྲིན་ཞུ་ཡིག་ཅིག་འབུལ།།

ཁྱེད་ཀྱིས་གཟའ་མཇུག་གི་དུས་ཡུན་ཐུང་ངུ་བསྐྱལ་ནས།།

འབྲི་ཞོ་མངར་མོ་ཡི་ལེགས་སྐྱེས་ཕུལ་བ་དྲིན་ཆེ།།

འབྲི་ཞོ་དཀར་པོ་འདིར་མངར་མོའི་བཅུད་ཅིག་འཛོམས་འདུག།

སེམས་པ་དཀར་པོ་དེར་བརྩེ་བའི་དྲོད་ཅིག་རྒྱས་འདུག།

ང་ལ་ཕུལ་བ་ཡི་འབྲི་ཞོ་ཁ་ལ་ཞིམ་འདུག།

ང་ལ་བརྩེ་བ་ཡི་ལྷག་བསམ་སྙིང་ལ་འཁྱིལ་འདུག།

དཔའ་ཉམས་དོད་པོ་ཡི་གྲོགས་པོ་ནམ་མཁའ་ལགས་ལ།།

ལྷག་བསམ་ཟོལ་མེད་ངང་བཀའ་དྲིན་ཞུ་ཡིག་ཅིག་འབུལ།།

ཁྱེད་ཀྱིས་གྲོགས་པོ་ཡི་མཛའ་བརྩེ་རྣལ་མ་བསམ་ནས།།

བཅུད་ལྡན་ནང་ཤ་ཡི་ལེགས་སྐྱེས་ཕུལ་བ་དྲིན་ཆེ།།

ནང་ཤ་ཞིམ་པོ་འདི་རོ་བཅུད་འཛོམས་པོ་ཡིན་འདུག།

བརྩེ་བ་ཟབ་མོ་འང་གྲོགས་ཀྱི་སེམས་ན་གནས་འདུག།

རོ་མངར་ནང་ཤ་ཡི་ནང་སེམས་གཙང་མ་མཚོན་འདུག།

ལེགས་སྐྱེས་ཕུལ་བ་ཡིས་ཕུ་ནུའི་བརྩེ་བ་མཚོན་འདུག།