བདེན་གསལ།

ཀ་ཡེ་གསོན་དང་ཡིད་དབང་ལྷ་མོ་ལགས།།

ཁ་ཡག་མཆུ་སྒྲོས་ངོ་གདོང་འཛུམ་བཞད་ཅན།།

ག་བུར་དྲི་ལྡན་ལང་ཚོ་ཆ་ཤས་རྫོགས།།

ང་ཡིས་ཡིད་དབང་འདི་ལྟར་འཕྲོག་དོན་ཅི།།

ཅ་ཅོ་རྫུན་གཏམ་བཤད་ན་ཁ་རོག་རེད།།

ཆ་རྒྱུས་མེད་ཀྱང་ད་དུང་དགའ་མདོག་མིན།།

ཇ་ཆང་ར་ཡིས་བཟི་ནས་དགའ་བ་མིན།།

ཉ་ཆུར་དགའ་འདྲ་ངས་ཀྱང་ཁྱོད་ལ་དགའ།།

ཏ་ཏུ་བརྩེ་བ་ཁྱེད་ཀྱིས་ཕྱོགས་སུ་འཁོར།།

ཐ་ཤལ་ང་ཡིས་དུང་སེམས་ཁྱོད་ལ་བཅངས།།

ད་དུང་མ་འོངས་མི་ཚེ་མ་རྫོགས་པར།།

ན་གཞོན་ང་རང་ཁྱེད་ལ་དགའ་རྒྱུ་ཡིན།།

པ་ཏྲའི་རི་མོ་འདྲ་བའི་མི་ཚེ་ནང་།།

ཕ་ཡུལ་སྤང་ཐབས་ཁེར་རྐྱང་ངར་ཡོད་ཀྱང་།།

བ་གླང་ནོར་ཕྱུག་འདྲ་བའི་མི་ཚེའི་ནང་།།

མ་རབས་ང་ཡིས་ཁྱོད་ཉིད་སྤང་ཐབས་དཀའ།།

ཙ་རི་སྐོར་ན་དཀའ་ཚད་ཡོད་པས་སྐྲག །

ཚ་གྲང་བཟོད་མེད་མྱང་རུང་ཁྱེད་ཀྱི་ཆེད།།

ཛ་དྲག་ཆེ་ཡང་ཚེ་སྲོག་ཤོར་ན་ཡང་།།

ཝ་སྐྱེས་ལྟ་བུ་ང་རང་སྐྲག་བསམ་མེད།།

ཞ་ཉེ་ལྟ་བུ་ནུས་ཤུགས་ཁྱོད་ལ་འདུག །

ཟ་མ་བཟའ་དུས་ཁྱོད་རང་དྲན་ནས་ཡོད།།

འ་འུར་མེད་དུས་སྙིང་སྡུག་ལྷག་ཏུ་དྲན།།

ཡ་ཁོག་སྙིང་གི་དཀྱིལ་ནས་ཁྱོད་ལ་དགའ།།

ར་རོ་ཆང་གིས་མྱོས་པའི་སྐད་ཆ་མིན།།

ལ་བ་གོས་ཀྱིས་བཏུམ་ནས་ཁྲེལ་གཏམ་མིན།།

ཤ་ཁྲག་སྒྱུ་མའི་ལུས་འདི་མ་དོར་བར།།

ས་མཐའི་བུ་ངས་དགའ་ཞེས་སྒྲག་རྒྱུ་ཡིན།།

ཧ་ཅང་སྙན་པོ་མེད་ཀྱང་སྙིང་གཏམ་ཡིན།།

ཨ་མཚར་ཀུ་རེའི་ཚིག་ནི་ཅུང་ཟད་མེད།།

བོ་མོ་ཁྱེད་ལ་དགའ་བའི་བུ་ཆུང་ངས།།

མདོ་སྨད་སྡེ་དགེ་ཡུལ་ནས་བྲིས་པའོ།།

2016/2/27དགོང་མོར་སྤེལ།