སྤོས་ཤེལ།(རྫ་ཆུ་ཁ་བ།)
བདག་གིས་ཁྱོད་གང་ནས་འོང་བར་མི་ཤེས་ཤིང་།
གང་དུ་འགྲོ་བའང་མི་ཤེས་མོད།
དེ་ལྟའི་ལྐོག་གྱུར་གྱི་ཁྱོད་ནི།
ང་རང་བསུ་བ་བྱེད་མཁན་གྱི་གཞུག་མ་དེ་ཡིན་ཡང་།
བདག་གིས་ཁྱོད་རང་གཏན་དུ་ཤེས་མི་སྲིད།
གཙང་བོའི་གྲིབ་བསིལ་གྱི་ཀློང་དུ།
མིའི་རིགས་ཀྱིས་རང་ཉིད་ཀྱི་ནག་ཐིག་ཁ་གསབ་ཏུ་ཡོད་ཀྱང་།
ཁྱེད་ཀྱི་ལྐོག་གྱུར་གྱི་བསླུ་བྲིད་དེ་གས།
ཐོད་པ་མེ་ལོང་གི་ངོས་སུ་རྒས་རིས་ཀྱི་མིང་བྱང་ཡང་ཡང་བརྩལ་བས།
ངས་ནི་ལོབ་ཕྱོགས་སུ་གྱོན་པ་དག་གང་སར་བཀྲམ་སྟེ།
སྒྲེན་གཟུགས་ལ་ཆུ་ཡི་ཟེགས་མ་བྲི་བར་མོས།
ཉི་མ་ཡོལ་བར་གྱུར་ཞིང་སྲང་ལམ་ནི་ཁུ་སིམ་མེར།
ཁང་འདབས་ཀྱི་བྱེའུ་ཡིས་སྐད་ཅོར་རྒྱག་མི་སྲིད་ལ།
བདག་གིས་ཚབ་ཏུ་གཏམ་བཤད་སྤེལ་མཁན་ཞིག་ཀྱང་མེད།
བདག་གིས་གཏམ་བཤད་ཅིག་གི་བརྗོད་བྱ་འཚབ་འཚབ་ཏུ་བཟོ་རྗེས།
སྒོ་ཆེན་གྱི་ཕྱོགས་གཉིས་རྒྱང་རིང་དུ་བསྲིངས་ཡོད།
དེ་ནི་རང་ཉིད་ཀྱི་བཞུད་ལམ་ལ་སེམས་ཁྲལ་བྱས་པས་ཡིན།