༼དྲན་པ་འཛིན་ཐབས་མེད།༽
ཤེས་རབ་ཡེ་ཤེས།
རྒྱང་རིང་བྱམས་པ་གཙང་ཆུའི་འགྲམ་དུ་ལྷག །
ནམ་མཁའི་སྤྲིན་པ་རེ་ཞིག་དལ་བུར་བསྐྱོད།།
དགེ་ཆོས་ཆུང་གྲོགས་དྲན་མགུར་ཀློག་དང་ལྷན།།
གླེགས་བམ་སྟུག་པོའི་ཁྲོད་ནས་ཁྱེད་ཉིད་མཐོང་།།
འགྲོ་དྲུག་རྟག་མིན་འཁོར་བའི་བཙོན་ཁང་ནས།།
ལས་ཀྱི་མཛའ་གྲོགས་མཁའ་འགྲོ་དྲན་ཚུལ་མང་།།
སེམས་ཀྱིས་སྐྱོ་བ་མཐོན་པོའི་སྒང་ལ་གནས།།
མིག་ཆུ་གྲང་མོ་གཙང་བོའི་གསེབ་སུ་འདྲེས།།
རླུང་བུ་འཁྱམ་པོའི་གླུ་གཞས་ཚོར་དང་མཉམ།།
ཚིག་གིས་བརྗོད་སྙིང་རང་ཉིད་ཡིན་པར་འདོད།།
སྐྱེས་ཆེན་བླ་མའི་མན་ངག་གནང་བས་དུས།།
ཁོ་བོའི་འཆར་སྣང་ཡོད་ཚད་མཁའ་འགྲོ་ཡིན།།
ཉི་འོད་སྤྲིན་གྱིས་གཡོགས་ཚེ་ལམ་ལ་ཆས།།
སེར་བ་རྒོད་པོ་ཤུགས་ཀྱིས་བབས་པ་དང་།།
རྒྱང་རིང་བྱམས་པ་ཡིད་ལ་འཁོར་བ་སོགས།།
གཡུ་ཆུང་དྲུག་དཀར་འཚོལ་བའི་ལམ་སྣེ་ཡིན།། ཡོད་ཚད་དྲན་གདུང་གི་མནར་གཅོད་དུ་གྱུར་ཟིན།