གྲོགས་བཟང་པོ།
མེ་སྲས།
འཁོར་བ་ནི་མཐའ་ཡས་པའི་རྒྱ་མཚོ་
ཆེན་པོ་ཞིག་ཏེ
ཁྱོད་རང་དེ་རུ་སྟོབས་ཀྱིས་
བསྐྱོད་པའི་ཀོ་གྲུ་ཆུང་ཆུང་ཞིག
ཤ་དང་རུས་ལ་ཟུག་པའི་སྙན་ངག
དྲན་གདུང་གི་རྣག་ཁྲག་དང་བསྲེས་ཏེ
ལོ་ཟླའི་བང་རིམ་བརྩེགས་པའི་
གྲི་སོ་ནས
རྣམ་དཔྱོད་ཀྱི་མེ་ལྕེ་འབར
ཁྱོད་ལ་ཉེ་བར་བཅར་བའི་
སྦྲང་མའི་ཁྱུ་ཚོགས
འུད་སྒྲོག་ཙམ་མིན་པར
ད་དུང་ཁྱོད་ལ་ཉེ་བར་བཅར་ངེས།
དེ་དུས་ཁྱོད་ནི་མེ་ཏོག་མ་ཡིན།
མེ་ཏོག་ལས་ཀྱང་མཛེས་པའི་གཞོན་ནུ་དེ་ཡིན།
སེམས་རྒྱུད་དྲང་བའི་གཞོན་ནུ་དེ་ཡིན།
སྤྱིུ་ཟླ་བཅུ་བའི་ཚེས་གཉིས་ཀྱི་ཉིན---/