拉萨2015.5

达懂

ཟླ་དུང་པར་རིས་བརྩམས་ཆོས་ཁག་དང་པོ།

(ལྷ་སའི་མཛེས་སྡུག)

བཅུ་ཕྲག་ཤེས་བྱ་གཏེར་དུ་གྲུབ་པའི་དབེན་པའི་གནས།།

བསམ་གྱིས་མི་ཁྱབ་སྐྱེ་རྒུའི་ཡིད་ཀྱི་མཆོད་པའི་གནས།།

གོ་ལའི་ཁྱོན་འདིར་རྒྱན་དུ་མཛེས་པ་ཆོས་ཀྱི་གནས།།

སྲིད་གསུམ་ཀུན་ཏུ་མཚུངས་མེད་ལྷ་ས་ལྷ་ཡི་ཞིང་། །

ཟླ་དུང་གིས།

ཤིས་ཚིག་བསྐུར་བ་དག་བཀའ་དྲིན་ཆེ།

མཚན་མོའི་རྨི་ལམ་ལྟ་བུའི་གནས་མཆོག་ལྷ་ས།།

དག་གཙང་དག་ཞིང་ལྟ་བུའི་གནས་མཆོག་ལྷ་ས།།

རྣམ་དག་སེམས་ཀྱི་དད་ས་གནས་མཆོག་ལྷ་ས།།

རེ་སྨོན་སྟོང་གི་ཞིང་ས་གནས་མཆོག་ལྷ་ས།།

པར་བ _____ ཐུ་མུད་པཱ་ཐར་ནས།

ཉི་མ་ལྷ་ས།

ཁྱེད་ནི་གནའ་མིའི་ངག་རྒྱུན་ལ་གྲགས་པའི་དག་ཞིང་ཞིག

ཉི་མ་ལྷ་ས།

ཁྱེད་ནི་མཐོང་ཐོས་མྱོང་རེག་ལ་འཐིམ་པའི་དངོས་གྲུབ་ཞིག

ཉི་མ་ལྷ་ས།

ཁྱེད་ནི་དད་ལྡན་པའི་ལྷ་ཕྱག་འཚལ་སའི་ཤམ་བྷ་ལ་ཡིན་ལ།

སྙན་ངག་པའི་ཚོར་བ་བརླན་སའི་དྲོད་ཁོལ་དེ་ཡིན་སྲིད།

ཉི་མ་ལྷ་ས།

ཁྱེད་ནི་ངག་ལ་བདེ་བའི་གཞས་ཆུང་དེ་ཡིན་ལ།

མིག་ལ་མཛེས་པའི་པར་རིས་དེ་ཡིན་ཀྱང་སྲིད།

པར་བ-- གཡུ་དྭངས་གསལ་ནས།

ཕོ་བྲང་ལགས

བརྗིད་ཆགས་པའི་དྲི་འཛིན་རི་བོ

འཇིག་རྟེན་རྙིང་བ་ནས་བཙུགས་པའི་རྡོ་རིང་བརྗིད་པོ

མི་བུ་ཁྲི་སྟོང་གི་དངུལ་ཁྲག་ལས་བྱུང་བའི་བླ་མཁར

ཏཱ་ལའི་བླ་མའི་བྱམས་བརྩེའི་འོ་ཆུ་འཁྱིལ་ས

མགོ་ནག་ཚོ་བདེ་སྐྱིད་ཀྱིས་ཉི་མ་ཤར་ས

ཕོ་བྲང་ལགས་པོ་ཏ་ལ

ངས་ཁྱེད་ལ་བསྟོད་གླུ་ལེན་འདོད

ད་ཐེངས་ཡང

པར་ལེན་པ་ཟླ་དུང་གི་པར་མིག་ལས་ཁྱོད་ཀྱི་ལང་ཚོ་ལ་རོལ་མྱོང་ཐེངས་གཅིག་བྱས་ཡོད

བཀའ་དྲིན་ཆེ

པར་བ--མཚམས་སྤྲིན་དམར་བོ་ནས།

མི་ཡུལ་གྱི་དག་ཞིང་།

མཛེས་སྡུག་གི་ལྷ་ས།།

ངའི་སེམས་ཀྱི་ལྷ་ཡུལ།

རེ་སྨོན་གྱིས་གནས་མཆོག།

དད་སེམས་ཀྱིས་ཕུལ་བས་མཆོད་མེ་དང་ཁ་དར།།

ཁྱོས་ཕྱོགས་སུ་ནམ་ཡང་བསྒྲེང་འདོད་།

མཆོད་པའི་ལྷ་ས།

པར་བ--རླུང་བུ་འཁྱམས་པོ་ནས།

སྦྲང་ཆར་སིམ་སིམ་འཇོ་བས་ཞལ་རས་བརླན།།

ནོར་འཛིན་བུ་མོས་སྔོ་ལྗང་ལྭ་བ་བཀླུབས།

མཛངས་མའི་ཡོན་ཏན་མེ་ཏོག་དྲི་བསུང་འཐུལ།།

ལང་ཚོའི་རབ་རྒྱས་དབྱར་གྱི་དུས་ཚུགས་རྨད།།

གངས་བུ་ཆུང་ཆུང་ནས།

ལྷ་བརྒྱས་ཐུགས་རྗེ་ཡིན་པའི་གནས་མཆོག་དེ།། ས་སྟེང་མགོ་ནག་ཚང་གི་མཆོད་གནས་ཡིན།།

དག་པ་ལྷ་ཡུལ་ཡིན་པའི་གླིང་ཀ་དེ།།

ཞིང་ས་བརྒྱ་དང་སྟོང་གི་གཙིགས་ན་འཚེར།།

གྲོགས་མིང་བ་དུག་ཐ་ནག་པོ་ནས།

ཕྱི་ཡི་མཚར་སྡུག་བཟོ་བཀོད་མཐོང་ན་བདེ་ལྡན་མིན་པའི་རྟགས་མཚན་མེད།།

ནང་གི་ཁྱད་མཚར་རྟེན་དང་མཇལ་ན་དག་ཞིང་མིན་པའི་གནས་ལུགས་མེད།།

གང་གི་བློ་དང་སྙིངས་སྟོབས་མཚོན་པའི་རབ་བརྗིད་རི་བོ་དྲི་འཛིན་ཁྱོད།།

འཛམ་གླིང་འཛིན་མའི་རྒྱན་དུ་མཐོ་བ་བསྒྲོ་བཏགས་ཚིག་དང་རིང་དུ་གནས།།

གདོང་དྲུག་ནས།

དད་ལྡན་སྐྱེ་འགྲོའི་སེམས་ཀྱི་དམིགས་ཡུལ་གཅིག་པུ།།

བརྗིད་ལྡན་པོ་ཏ་ལ་ཡི་གཟི་ཉམས་མཐོང་སྟེ།།

ཡུལ་ཕྱོགས་མི་གཅིག་ཇོའི་ཁང་མདུན་དུ་འཛོམས་ནས།།

གྲོགས་དང་མཉམ་དུ་མཇལ་བའི་སྐལ་བ་འདི་སྐྱིད།།

ལྷོ་•སྨྱུག་འཛིན་ནས།

རྔམ་ཞིང་བརྗིད་པའི་ཕོ་བྲང་པོ་ཏ་ལ།།

མི་རིགས་ཞིག་གི་བདེན་པའི་ལོ་རྒྱུས་ཡིན།།

ཆོས་ཀྱི་ཡུལ་ཞེས་འབོད་པའི་དབུས་གཙང་དེ།།

མི་རབས་ཞིག་གི་དད་པའི་མཆོད་གནས་ཡིན།།

པར་བ--ཟླ་སྲས་ནས།

གཙང་ཆེན་དེའི་ཕ་རོལ་ན་རྔམ་བརྗིད་ཀྱིས་འགྱིང་བའི་མཁར་ཤུལ་རྙིང་བ

མཛེས་རིས་དང་ཁ་རིག་གི་སྡེབ་སྦྱོར་འཕྲོད་པའི་བརྩེ་བ་དྭངས་མ

རྐང་ཆུང་ལེབ་མོའི་རྡོག་སྒྲ་མ་ཉམས་པ་ནི་ཁྱོད་རང་མ་ཡིན་ནམ

བདག་གི་བྲང་ཁོག་ཏུ་ཉར་བའི་བདག་མོ་ཀྱེ

པར་བ--སྐར་ཆེན་ནས།

ཉི་ཟླའི་ཕོ་བྲང་།

བསྐལ་བའི་སྔོན་གྱི་བགྲེས་པོ་ཁྱོད་སྙིགས་མའི་དུས་ཀྱི་ནོར་བུ་ལགས།།

སྐྱེ་འགྲོའི་མཆོད་པའི་སྐར་མ་དག་ཁྱོད་ཀྱི་མཁའ་རུ་ག་ལེར་འཛུམ།།

རྟ་མདུན་དབང་བོའི་མིག་ཟུང་ཀྱང་ཁྱོད་ལ་འཁོར་ཞིང་ཁྱོད་ལ་གྱེར།།

དེ་ཕྱིར་ཁྲག་གི་མཚོ་མ་ལ་སྐྱོ་བའི་མིག་ཆུ་མ་འདོན་ཀྱེ།།

ཁྱོད་རང་ཁེར་རྐྱང་མ་ཡིན་ཏེ་ལོ་ཟླའི་སྨག་རིམ་རྒྱབ་ལ་བསྐྱུར།།

སྨིན་ལེགས་ལང་ཚོའི་མཛེས་པ་ཡང་ཉི་ཟླ་གཉིས་ཀྱིས་སྲུང་ནས་ཡོད།།

གངས་ཀྱི་གཙུག་ལག་ལྡན་པ་ཁྱོའི་མགོ་བོ་རས་ཀྱི་བཏུམས་ན་ཡང་།།

ཁྲག་རྩར་འཁྱིལ་བའི་དབྱངས་རྟ་ཉིད་བདེན་པའི་ཆེད་དུ་ལེན་པར་སྤོབས།།

ཁབ་ནས།

སྤང་ལ་མེ་ཏོག་བཞད་པའི་གདན་སྟེང་ན།།

རྐང་དྲུག་སྦྲ་མ་ར་ཡིས་དགྱེས་གླུ་སྙན།།

འདས་སོང་ལོ་ཟླའི་ཁྲོད་ཀྱི་ཕྱིར་དྲན་ནང་།།

ཆུང་ཆུང་བྱིས་པའི་དུས་ཀྱི་སྣང་བརྙན་མཛེས།།

རས་གཟན་ཡུག་གཅིག་ནས།

སྒྱུ་རྩལ་དང་ལྡན་པའི་པར་ཞིག་ལེན་ཐུབ་མིན་གྱི་གནད་ཀ་གཙོ་བོ་ནི་པར་ལེན་མཁན་གྱི་མི་དེའི་ཚོར་ཤེས། འཇིག་རྟེན་མཐོང་ལུགས་དང་སྤྲོ་བ། གསར་གཏོད།

ཉམས་མྱོང་། མཐོང་རྒྱ། འཆར་ཡོན། བརྩོན་འགྲུས་སོགས་ལ་རག་ལས་ཡོད།

ཟླ་དུང་གིས།