དུངས་བརྗོད་ཚན་པ་ཞིག(副本)

XIN REN

དྲན་པའི་མེ་ལྕེ། ཟླ་རྒྱུད་པ། བརྗོད་མེད། སྐྱིད་སྡུག་རེས་མོའི་འཁོར་བའི་རི་གྲོང་ནས།། ལུས་སེམས་ཀུན་པོ་བརྩེ་བའི་གནས་མལ་དམྱལ།། ལྷན་འཛོམས་བྱུང་བའི་གནས་གཞི་མཛེས་པོ་དེ།། ད་བར་ཁྱེད་ཉིད་མེད་པས་མཛེས་ཉམས་ཤོར།། ཡུལ་དེའི་གནས་དེ་རིག་ན་ཁྱོད་དྲན་པས།། མེ་ལྕེ་དམར་པོས་བློ་སྙིང་མཆིན་གསུམ་བསྲེགས། དགུང་དེའི་མཚན་དེར་ཁོ་བོ་ཁེར་རྐྱང་ཡིན།། དམ་རོགས་མེད་པས་ཆོ་ངེས་ལ་ལང་བཀང་།། ཁྱོད་རང་དྲན་ཚེ་ཁྲག་གི་མིག་ཆུ་བཞུར།། རི་སྤྱང་སྔོན་མོའི་མཚན་མཐུན་རྨི་ལམ་དཀྲོགས། ཁྱེད་ཀྱི་རྒྱབ་གཟུགས་དེ་ལ་ལྟ་བཞིན་དུ།། གཉིད་ཀྱང་མ་ཁུག་དྲན་པའི་ན་ཟུག་བསླངས།། རྨི་ལམ་ནང་གི་མི་མོ། .......... བརྗོད་མེད། མ་ཉལ་སྔོན་ལ་ཁྱེད་རང་མ་སྒོམ་ཡང་།། རྨི་ལམ་ཀློང་ན་ཁྱེད་ཉིད་གཅིག་པུ་རེད།། ཁྱེད་ཀྱི་ཁྲ་ཆུང་མིག་གི་ལྟས་ཙམ་གྱིས།། ལུས་ཀྱི་བ་སྤུ་གཡོ་ཞིང་གྱེན་དུ་ལངས།། མཚན་ཐུན་རྨི་ལམ་མ་ཤི་ཁྱེད་རང་རྨིས།། ཞོགས་ཀྱི་མཚམས་སྤྲིན་ཤར་ན་ཁྱེད་རང་དྲན།། ལུས་འདི་ཁྱེད་དང་ཁ་ཁ་གྱེས་ཀྱང་རུང་།། སེམས་འདི་ཁྱེད་ཀྱི་གམ་ན་འཚུབ་ཀྱིན་ཡོད།། རྟེན་འདི་བྲང་ཁའི་ཤ་དང་འབྲལ་མེད་རེད།། ཚིག་འདི་སྙིང་ལ་ཟུག་པའི་ཀ་བ་རེད། མི་འགྱུར་སེམས་ཀྱི་སྙིང་གཏམ་དུམ་གཅིག་པོ།། ང་ཡི་སྨྲ་ལྕེའི་དབར་ནས་གློད་ལ་འཇོག། གཞན་གྱི་དུག་ལྕེ་འབར་བ་འཇིགས་སྣང་གིས།། དྲན་རབས་དུང་རབས་མང་ང་སྨོས་མི་སྤོབས།། འོན་ཀྱང་མ་བཤད་སྙིང་གི་དཀྱིལ་བཟུང་ན།། བྲག་ལྟར་ལྕི་བའི་ནད་ཀྱིས་མི་བཟོད་ཀི།། ཚོར་བའི་སྣང་བརྙན། ཡིག་རིས་པ། ✒️____བརྗོད་མེད། མཚན་མོའི་ཟླ་འོད་ངོགས་ནས།། ལྷ་མོའི་མཛེས་སྡུག་འཚོལ་བྱུང་།། མིག་གིས་ཅེར་ཅེར་བལྟས་པས།། སེམས་འདི་གཡོ་འགུལ་ཆེ་དྲགས།། དགའ་བདེ་བཙན་དྲག་ཆེ་བས།། འཁོར་བའི་འདམ་དུ་སྙིལ་སོང་།། འཁོར་བའི་བུ་མོ་ཞིག་གིས།། ང་རང་བསླུ་ནས་ཚར་རེན།། ཕྱིར་ན་ཐོབ་བྱ་དབེན་པའི།། བྱ་དངོས་ཞིག་གི་ཆེད་དུ།། འདུར་འདུར་རྒྱུགས་རྒྱུགས་ཁྲོད་ནས།། མི་ཚེའི་རིན་ཐང་ཤོར་སོང་།།