སྐྱོ་དུས་སྙིང་གཏམ་མཆི་མ་མི་སྦས།།
དགའ་དུས་སྤྲོ་སྣང་ཨ་གསར་མི་ཆེ།།
ལང་ཚོའི་མེ་ཏོག་ཞལ་ཁ་ངོམས་པའི།།
དམར་ཆུང་སེམས་ཀྱི་ཏོག་ཏུ་རྩིས་ཡོད།།
འཛུམ་ཆུང་ངོགས་ན་བརྩེ་བ་ཡོད་རེད།།
བརྩེ་བའི་གསེབ་ན་དམ་ཚིག་ཡོད་རེད།།
དམ་ཚིག་ཁྲོད་ན་གཏམ་རྒྱུད་ལུས་པའི།།
དམར་ཆུང་སེམས་ཀྱི་ཏོག་ཏུ་རྩིས་ཡོད།། འཇིག་རྟེན་མི་ཚེ་སྐ་ཅིག་རྨི་ལམ།།
སུ་ཡི་སེམས་ན་གསལ་བོར་ཡོད་ཀྱང་།།
སྨོན་པའི་ཚིག་ལ་འཛད་རྒྱུ་མེད་པའི།།
དམར་ཆུང་སེམས་ཀྱི་ཏོག་ཏུ་རྩིས་ཡོད།།
རི་དང་ལུང་བའི་བར་ཐག་བཅད་ཀྱང་།།
དམར་སྙིང་གི་གྲིབ་མ་ཁྱོད་ཡིན།།
གློ་དང་རྒྱུ་མའི་ཁ་མཚམས་ཤིག་ནས།།
དྲན་པའི་ན་ཟུག་འཇགས་ཐབས་མི་འདུག།
དཔྱིད་མགོའི་མེ་ཏོག་མགོ་ལྕོག་ལྡེམ་དུས།།
སེམས་ཀྱི་ཁུ་ལོ་དྲན་ནས་སྨྲེང་གི།
སྡེ་ཆེན་ན་ཟླ་འགྲོགས་ཚུལ་རིག་ཚེ།།
སྙིང་གི་མི་དེ་དྲན་ནས་སྨྲེང་གི། དཀར་གསལ་ཟླ་བའི་གཟི་མདངས།།
ཤར་རིའི་ཕྲག་ནས་མངོན་ཚེ།།
ཡིད་མཐུན་ཆུང་འདྲིས་རོགས་ལོ།།
མཐོང་རྒྱུ་མེད་པས་སྐྱོ་སོང་།།