མེ་སྲས།
མ་གཞི་ནས།
ང་ཚོ་ལ་མེ་ཏོག་གི་ཡུ་བ་དང་
ལྗོན་པའི་རྩེ་མོ་རྒྱས་ཤིང་།
ཚེ་སྲོག་གི་འདབ་མར་
ཆར་བ་དང་ཉི་འོད་ཀྱིས་བྲན།
མཛེས་སྡུག་གི་ཟླ་བ་མ་འཛུམ་པའི་དུས་ཚིགས་དེར་
ང་ཚོའི་
པོ་ཏ་ལའི་སྐར་ཁུང་ནས་
འོད་ཀྱི་འགེངས་བའི་མི་ཡུལ་གྱི་ཀུ་མུད་ཏ་བཞད་ཡོད།
གཞོན་པ་ང་ཚོ།
ལྷ་ཡི་སྨྱུག་རྩེ་ནས་འབེབ་པའི་གསེར་གྱི་པ་ཏྲ་ཞིག
ཕྱིར་མིག་གི་རྗེས་ཤུལ་ནས་
དྲན་སྣང་གི་མིག་ཆུས་བརླན་ཞིང་།
ས་སྲོད་ཀྱི་མུན་པ།
བསིལ་གྲིབ་ཀྱི་ཡོལ་བ།
བྱེ་ཐང་གི་རྐང་ལམ་དག་
གཞོན་པ་ང་ཚོའི་ན་བུན་ཡིན།
མཐའ་ཡས་པའི་རྩྭ་ཐང་གི་རྨིག་རྗེས་རེ་ན་
སྨག་ནག་པའི་མཚན་ལྗོངས་ཀྱི་རི་ཆུ་གསལ།
གཞོན་པ་ང་ཚོ།