ཁྱིམ་བདག་ལ་འཕུལ་བའི་འཕྲིན་ཡིག།

美友2296411

དུས་ནམ་ཡང་སློབ་གསོའི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་མཛད་པའི་ཁྱིམ་བདག་རྣམ་པ་ལགས།

བྱིས་པ་ནི་སང་ཉིན་གྱི་བདག་པོ་དང་མི་རིགས་ཀྱི་རེ་བ་ཡིན་ལ།མི་རིགས་ཤིག་གིས་མ་འོངས་པའི་དར་རྒུད་དེ་གཙོ་བོར་སྙིང་ཉེ་བའི་སློབ་ཕྲུག་འདི་དག་ལ་རག་ལས་པ་ཡིན། དེ་བས་དགེ་རྒན་དང་ཁྱིམ་བདག་ཞིག་ཡིན་རུང་བྱིས་པའི་སློབ་གསོ་དང་བདེ་འཇགས་ནི་གལ་ཆེན་ནང་གི་དོན་ཆེན་ཞིག་ཏུ་བརྩི་དགོས་པས་དེ་ཕྱིར་དགུན་ གནང་སྐབས་སུ་དོ་སྣང་བྱེད་དགོས་པའི་དོན་དག་འགར་གཤམ་དུ་གསལ།

གཅིག། ཐོག་མར་ཁྱིམ་བདག་རྣམས་ཀྱིས་དགུང་གནང་གི་སྐབས་སུ་བྱིས་པར་ནང་བསམ་བློ་དང་ཕྱི་ཀུན་སྤྱོད་སོགས་གང་ཐད་ནས་ཡར་སྐུལ་ཡོང་བ་བྱས་ཏེ་བྱིས་པས་རྫུན་དང་རྐུ་བྱེད་པ།གུས་བཀུར་མེད་པའི་བསམ་སྤྱོད་སྤེལ་བ་ལ་སོགས་པ་སློབ་གསོ་གཏོང་དགོས།

གཉིས། དགུན་གནང་སྐབས་སུ་མེ་ཆུ་དང་འགྲིམ་འགྲུལ་གྱི་ཉེན་ཁ་ལ་མཉམ་འཇོག་བྱས་ཏེ། སློབ་གསོ་གང་ལེགས་བྱས་ནས་བྱིས་པ་བདེ་འཇགས་ཀྱི་ཁོར་ཡུག་ཞིག་ཏུ་འཚར་ལོངས་འབྱུང་ཏུ་འཇུག་དགོས།

གསུམ། དགུན་གནང་སྐབས་སུ་སློབ་མ་ཁྲིད་ནས་ས་ཆ་གཞན་ལ་ཡུལ་སྐོར་དུ་མ་འགྲོ་ཞུ།གལ་ཏེ་སོང་ན་དུས་ཐོག་ཏུ་རང་སློབ་གྲྭའི་འཛིན་བདག་དགེ་རྒན་ལ་ཐོ་འགོད་ལེགས་མོ་བྱེད་དགོས། དཔེ་ན་ཡུལ་སྐོར་གྱི་དུས་ཚོད་དང་ཡུལ་སྐོར་འགྲོ་སའི་ས་གནས་སོགས་ཉིན་རེ་བཞིན་ཐོ་འགོད་ཕྲ་ཞིབ་ཞིག་པ་བྱེད་དགོས།

བཞི། འགོ་ནད་འདྲ་མིན་ལ་སྔོན་འགོག་གར་ཆེན་བྱེད་དགོས། དུས་ནམ་ཡང་ཁ་ཐུམ་རྒྱག་པ་དང་ལག་པ་ཐེངས་མང་ཙམ་འཁྲུ་བ་དང་། མི་མང་ཚོགས་ས་རུ་མི་འགྲོ་བ་དང་ཡང་ན་གཟའ་འཁོར་གཅིག་ལ་ལུས་པོ་ཐེངས་གཅིག་བཀྲུ་ཅིག་དགོས།

ལྔ། དགུན་གནང་སྐབས་སུ་ཁྱིམ་བདག་རྣམ་པས་རང་ཉིད་ཀྱི་བྱིས་པའི་ལས་བྱ་དག་ལ་དགན་འཁུར་ནན་མོ་བྱེད་དགོས།

སློབ་གྲྭའི་༢༠༢༤—༢༠༢༥ལོའི་སློབ་སྐབས་དང་པོ་ཟླ་༡ཚེས་༥ཉིན་མཇུག་རྫོགས་པ་ཡིན་ལ།༢༠༢༥ལོའི་ཟླ་༣ཚེས༡ཉིན་སློབ་སྐབས་གཉིས་པའི་སློབ་མགོ་འཛུགས་རྒྱུ་ཡིན་པས་དུས་ལྟར་སློབ་གྲྭར་ཞུགས་དགོས།

མཇུག་མཐར། ལོ་གསར་བའི་ནང་དུ་མི་ལ་ན་ཚ་མེད་མི་ཡོང་བའི་སངས་རྒྱས་སྨན་གྱི་བཀྲ་ཤིས་ཤོགས། ཕྱུགས་ལ་གོད་ཁ་མི་ཡོང་བའི་ཛམ་བྷ་ལྷ་ཡི་བཀྲ་ཤིས་ཤོགས། ཁྱིམ་མི་ཚེ་སྲོག་མི་ཉམ་བའི་ཚེ་དཔག་མེད་ཀྱི་བཀྲ་ཤིས་ཤོགས། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་ཤོགས།།

ཁྲི་འདུ་རྫོང་ཀུན་དགའ་བློ་གསལ་ལྟེ་གནས་བཅའ་སྡོད་སློབ་ཆུང་ནས།